output
stringlengths
367
1.97k
prompt
stringlengths
29
113
མངའ་བདག་རྒྱལ་པོའི་ཞབས་ལས་རྒྱལ་ཡོངས་ཚོགས་དཔོན་ལཱི་བཀོད་ཁྱབ་བཀའ་ཤོག། ࿐ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་བློ་ཡངས་ལུ། དེ་ནི་ ད་ཚུན་གྱི་ཉམས་མྱོང་ལཱི་བལྟ་བ་ཅིན་ ང་བཅས་རའི་སྤྱི་ཚོགས་ལྷན་བཞུགས་འཚོག་ནི་འདི་ དཔྱད་ཡིག་གུར་ཞལ་འཆམ་མ་ཚུགསཔ་ད་རྐྱངམ་གཅིག་འཚོག་ནི་འདི་ དུམ་གྲ་ཅིག་འོས་འབབ་མི་མཐོང་པས། སྤྱི་ཚོགས་ལྷན་བཞུགས་འཚོག་ནི་འདི་ རྒྱལ་ཁབ་ཀྱི་མཐའ་དོན་དེ་ལས་ལྷག་སྟེ་མཛད་ནི་གི་ཕྱག་ལཱ་ལུ་ཤ་ཡོདཔ་ལས་བརྟེན་ ད་ལས་ཕར་ སྤྱི་ཚོགས་ལྷན་བཞུགས་འཚོག་ཐངས་ཀྱི་བྱ་སྒོའི་ལམ་ལཱིགས་ཅིག་དང་ དཔྱད་ཡིག་ཆ་འཇོག་འགྲུབ་ཐངས་ཀྱི་ལམ་ལཱིགས་སྒྲིང་སྒྲི་ཅིག་བཟོ་དགོཔ་ག་ནི་བ་གལ་ཆེ་ནི་ཨིན་མས། དེ་འབདཝ་ལས་ད་རུས་སྔ་གོང་ལས་ ཁྱོད་ཀྱིས་འགོ་འདྲེན་ཐོག་ལས་ སྤྱི་ཚོགས་འཚོག་ཐངས་ཀྱི་ལམ་ལཱིགས་ཅིག་ ག་དེ་མགྱོགས་མགྱོགས་བཟོ་ཐབས་བསྒྲིགས་ཏེ་ ཞབས་སར་ཕུལ་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ བཀྲ་ཤིས་ཆོས་རྫོང་ལས། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་མངའ་བདག་རྒྱལ་པོའི་ཞབས་ལས་རྒྱལ་ཡོངས་ཚོགས་དཔོན་ལཱི་བཀོད་ཁྱབ་བཀའ་ཤོག་བྲིས་གནང་?
མི་དབང་རྒྱལ་བཙུན་མཆོག་གི་བཀོད་ཁྱབ་བཀའ་ཤོག།། ࿐ མོང་སྒར་རྫོང་བདག་བློ་ཡངས་ལུ། དེ་ནི་ མདང་ཞག་ང་ར་ མོང་སྒར་ན་སྒོར་རྒེད་འོག་ནང་ ལྟ་སྐོར་ལཱི་འོངམ་ད་ སི་ལམ་སྦིས་གཡུས་སྒོ་དེ་ནང་ ཁག་ཆེ་ཤོས་ར་ ཕྱག་མཆོད་ཀྱི་རྟེན་ དམངས་ཀྱི་ལྷ་ཁང་ཅིག་མེད་པའི་ དཀའ་ངལ་སྦོམ་བྱུང་སྟེ་འདུག། དེ་འབདཝ་ལས་ ནཱ་ང་ར་གི་ཁ་ཐུག་ལས་ རང་ལཱིགས་སྔར་སྲོལ་བཟོ་བཀོད་ལྡན་པའི་ ལྷ་ཁང་ཐོག་གཅིག་མ་ཅིག་ རྐྱབ་བྱིན་ནི་གི་ཁས་བླངས་འབད་ཡོདཔ་བཞིན་དུ་ ད་རུས་ དཔེ་རིས་ཅིག་ཡང་ ཟུར་སྦྲགས་བསྐྱལ་བཏང་སྟེ་ཡོད། དཔེ་རིས་འདི་དང་འཁྲིལ་བའི་ལྷ་ཁང་ཅིག་ བཞེངས་ནི་གི་འགོ་འདྲེན་ རྫོང་བདག་ཁྱོད་ཀྱིས་འཐབ་དགོཔ་དང་ དེ་གི་དོན་ལཱི་ བཟོ་བོ་དང་སྦུངས་སྒུལ་གྱི་ལཱ་ཚུ་ ཁོང་ར་གཡུས་ཁའི་མི་སེར་ཚུ་གིས་ཕྱག་ཞུ་ནི་ལཱི་ གྲོས་མཐུན་བྱུང་སྟེ་ཡོད་མི་གི་ ཉིན་བསྟར་གླ་ཆ་ཚུ་ ང་ར་ལས་རྩིས་རྐྱབ་སྟེ་གནང་གཏང་འོང་། ལྷ་ཁང་གི་ནང་རྟེན་ཚུ་ཡང་ སྤུས་ཚད་དང་ལྡནམ་སྦེ་བཞེངས་ཏེ་ རབ་གནས་འབད་ཞིནམ་ལས་ དམངས་ཁར་རྩིས་སྤྲོད་ནི་ཨིནམ་ལས་ དེ་གི་སྐོར་ལས་ ཁོང་ར་མི་སེར་དང་གཅིག་ཁར་བསྟུན་གྲོས་ཀྱི་ཐོག་ལས་ ལཱ་གི་འཆར་གཞི་བཟོ་སྟེ་ འཕྲལ་ར་ང་ལཱི་བརྡ་ལན་འབད་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ ཆོས་རྩེ་རྫོང་ལས་སྤེལ། འབྲུག་རྒྱལ་བཙུན།
ང་ལུ་མི་དབང་རྒྱལ་བཙུན་མཆོག་གི་བཀོད་ཁྱབ་བཀའ་ཤོག་བྲིས་གནང་?
མི་དབང་དཔོན་སློབ་མཆོག་གི་བཀོད་ཁྱབ་བཀའ་ཤོག། ࿐ བསྟན་རྒྱས་བློན་པོ་བློ་ཡངས་ལཱི། དེ་ནི་ ང་བཅས་ར་ ཀྲོང་གསར་རྫོང་གི་ཐད་ འབྲུག་རྒྱལ་ཁབ་ཀྱི་རྫོང་གཞིས་ཚུ་གི་གྲས་ལས་ རྒྱལ་རབས་དང་ལྡན་པའི་ འབྲུག་ཤར་ཕྱོགས་ཀྱི་སྲོག་རྫོང་རྩ་ཅན་ཅིག་ཨིན་མི་འདི་ ཆ་མཉམ་གྱིས་མ་ཤེསཔ་མེད། རྫོང་གཞིས་འདི་ནང་ ལྷ་ཁང་ ༢༥ ཡོད་མི་ཚུ་གི་ནང་ སྔོན་བྱོན་གོངམ་ཡབ་མེས་ཚུ་གིས་ རང་སོའི་བཀའ་བབ་ལཱིང་བསྟན་དང་འཁྲིལ་ཏེ་ རིན་ཐང་དང་བྲལ་བའི་སྐུ་གསུང་ཐུགས་རྟེན་རྩ་ཅན་མང་རབས་ཅིག་བཞེངས་གནང་མི་ཚུ་ ད་ཚུན་གྱི་རྒྱལ་རབས་ནང་ འབྱུང་བཞིའི་གནོད་པ་ཁབ་རྩེ་ཙམ་ཡང་མ་བྱུང་པར་ བྱིན་རྲྀབས་ཆེ་ཏོག་ཏོ་སྦེ་བཞུགས་ཡོདཔ་ཨིན། ནང་རྟེན་དེ་ཚུ་ དོ་རཱིང་ ནཱ་ལས་ཕར་ཡང་ མ་འོངས་འབྲུག་གི་བསྟན་སྲིད་ ནམ་གནས་བར་ན་བཞུགས་ཐབས་ལཱི་ རྫོང་ནང་གློག་ཐག་གིས་གཙོས་གློག་ཆས་ཚུ་ སྤུས་ཚད་ཅན་དང་ ཉེན་སྲུང་ཅན་ཚུ་བཙུགས་ཏེ་ རྐྱེན་ངན་བཀག་ཐབས་གང་དྲག་བསྒྲིག་དགོཔ་འདི་ ག་ཅི་དེ་གལ་ཆེཝ་ལས་ དེ་དོན་དང་བླང་ཚུལ་མཐུན་འབད་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ ཆོས་རྩེ་རྫོང་ལས་སྤེལ། ཀྲོང་གསར་དཔོན་སློབ།
ང་ལུ་མི་དབང་དཔོན་སློབ་མཆོག་གི་བཀོད་ཁྱབ་བཀའ་ཤོག།་བྲིས་གནང་?
མི་དབང་རྒྱལ་སྲས་མཆོག་གི་བཀོད་ཁྱབ་བཀའ་ཤོག། ࿐ བསྟན་སྲུང་དྲག་པོའི་གཙོ་འཛིན་གུང་བློན་མཁྱེན་ཡངས་ལུ། ་ནི་ ད་རུས་ཞབས་ལས་ ང་ར་འཕྲལ་ར་ མ་ནཱསི་རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཀྱི་ས་ཁོངས་ནང་ རི་དྭགས་སེམས་ཅན་ཚུ་གི་གནས་སྟངས་དང་ སྲུང་སྐྱོབ་ཀྱི་གནས་སྟངས་ཚུ་ བལྟ་བར་འགྱོ་དགོཔ་སྦེ་ བཀའ་རྒྱ་ལཱུགས་སུ་གནང་སྟེ་ཡོད། དེ་གི་དོན་ལཱི་ ནཱ་ལས་ བརྡ་ལན་ནམ་འབདཝ་ཅིག་ ང་དང་གཅིག་ཁར་ དམག་མི་ལྕོགས་གྲུབ་ཡོད་མི་ མི་གྲངས་ ༡༠ རང་སོའི་ལག་ཆ་གྲ་སྒྲིག་རྐྱབ་སྟེ་ གཏང་ཆོག་ཆོ་སྦེ་བཞག་དགོ་པའི་ཐུགས་མངའ་མཛོད། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ མི་དབང་རྒྱལ་སྲས།
ང་ལུ་མི་དབང་རྒྱལ་སྲས་མཆོག་གི་བཀོད་ཁྱབ་བཀའ་ཤོག་བྲིས་གནང་?
མི་རྗེ་བློན་ཆེན་མཆོག་གི་བཀོད་ཁྱབ་བཀའ་ཤོག། ࿐ ཞབས་ཏོག་བློན་པོ་མཁྱེན་ཡངས་ལུ། དེ་ནི་ མ་གཞི་ལྷན་ཁག་གི་ཕྱག་ལཱ་འགན་ཅན་ཚུ་ ག་དེམ་ཅིག་ཡང་ཁྱོད་རའི་ཐུགས་ལཱི་ངེས་ཏེ་ མཛད་དང་མཛད་བཞིན་དུ་ཡོདཔ་ལས་ ལཱུགས་སུ་ཞུ་དགོཔ་མིན་ནུག། ཨིན་རཱིང་ ད་རུས་ དམིགས་བསལ་གྱིས་ཞུ་དགོཔ་ བྱུང་མི་འདི་ ང་བཅས་རའི་རྒྱལ་ཁབ་ནང་ དེང་དུས་དང་བསྟུན་པའི་དཔལ་འབྱོར་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ place་སོ་སོའི་ཁྲོམ་ཚོགས་ཆེ་ཆུང་ག་ཅི་གི་འཆར་གཞི་བརྩམས་རཱིང་ མ་འོངས་པའི་གནས་སྟངས་སེམས་ཁར་བཞག་སྟེ་ བརྩམ་དགོཔ་འདི་ཁག་ཆེ་ནི་ཨིན་མས། ལྷག་པར་དུ་ ཁྲོམ་གྱི་ཞབས་ཏོག་མཐུན་རྐྱེན་ཚུ་ལས་ ཁག་ཆེ་ཤོས་ར་ སྣུམ་འཁོར་གྱི་ལམ་རྒྱ་སྦོམ་སྦེ་བཞག་ནི་དང་ རྒྱ་སྐྱེད་ཀྱི་འཆར་གཞི་ཚུ་གཙོ་རིམ་བཟུང་སྟེ་ མཛད་དགོཔ་འདུག། དེ་ཡང་ ད་རུས་དམངས་གཙོའི་གཞུང་འགོ་ཐོག་སྐྱོང་མི་ བློན་པོ་ལྷན་རྒྱས་ཚུ་གི་མཛད་འབྲས་ལཱི་ སྐྱོན་བརྗོད་ཀྱི་གཞི་དང་ མ་འོངས་མི་སེར་གྱི་གནས་སྟངས་ སྐྱོ་དྲགས་ལཱི་ཐུག་མི་བཅུག་ནིའི་དམིགས་ཡུལ་ཨིན། དེ་འབདཝ་ལས་ ཕྱག་ལཱ་ག་དེ་ཅིག་ར་མང་རཱིང་ ཁྲོམ་གྱི་འཆར་གཞིའི་ལས་རིམ་བརྩམས་མི་ཚུ་ལཱི་ སྔ་གོང་ལས་ རྩིས་བདག་དམ་དམ་གྱི་ཐོག་ལས་ མཛད་གནང་དགོཔ་འདི་ ག་ཅི་དེ་ཁག་ཆེཝ་ མཐོངམ་ལས་ དེ་ཚུ་ཐུགས་ལཱི་བསྣམས་ཏེ་མཛད་དགོ་པའི་ཐུགས་མངའ་མཛོད། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ བློན་ཆེན་ཡིག་ཚང་ལས། འབྲུག་གི་བློན་ཆེན།
ང་ལུ་མི་རྗེ་བློན་ཆེན་མཆོག་གི་བཀོད་ཁྱབ་བཀའ་ཤོག་བྲིས་གནང་?
འབྲུག་གི་ཁྲིམས་སྤྱི་བློན་པོ་མཆོག་གི་བཀོད་ཁྱབ་བཀའ་ཤོག། ࿐ རྫོང་ཁག་སོ་སོའི་ཁྲིམས་འདུན་གྱི་དྲང་དཔོན་སྤྱི་མཐུན་ལུ དེ་ནི་ ང་བཅས་རའི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབངས་མི་སེར་ཚུ་ལཱི་ ཐུགས་ཀྱི་བྱམས་བརྩེ་སྦོམ་སྦེ་ མཛད་དང་མཛད་བཞིན་དུ་ཡོད་མི་འདི་ ང་བཅས་ག་ར་གིས་མ་ཤེསཔ་མེད། དེ་འབདཝ་ལས་བརྟེན་ ང་བཅས་ར་ཁྲིམས་འདུན་གྱི་དྲང་དཔོན་ཚུ་གིས་ཡང་ ཐུགས་བག་ཡེངས་ཀྱི་དབང་ལཱི་མ་ཤོར་བར་ ཁྲིམས་འདུན་ལཱི་རྩོད་གཞིར་ཐུག་མི་ཚུ་ ཡུན་འགྱངས་དང་ དྲང་ཁྲིམས་མ་ཐོབ་པའི་གནས་ལཱི་ཐུག་མ་བཅུག་པར་ རྩོད་གཞི་ཚུ་དབྱེ་བཤེར་གང་མགྱོགས་འབད་དེ་conclusion་དགོཔ་ཨིན། གལ་སྲིད་ རྩ་ངོ་ག་བཟུམ་ཅིག་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཉོག་གཞི་བཀོད་མི་རུ་ཐོན་པ་ཅིན་ དེ་ལཱི་ ངོས་ལུན་དམ་དམ་འབད་ནི་ཨིནམ་ལས་ ད་རུས་ སྔ་གོང་ལས་ཐུགས་ལཱི་ངེས་ཏེ་མཛད་དགོཔ་གལ་ཆེ་བའི་དྲན་སྐུལ་ལུ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ བློན་ཆེན་ཡིག་ཚང་ལས། འབྲུག་གི་ཁྲིམས་སྤྱི་བློན་པོ།
ང་ལུ་འབྲུག་གི་ཁྲིམས་སྤྱི་བློན་པོ་མཆོག་གི་བཀོད་ཁྱབ་བཀའ་ཤོག་བྲིས་གནང་?
སྐྱིད་སྡུག་གི་བཀའ་ཤོག། ࿐ སོ་ནམ་བློན་པོ་བློ་ཡངས་ལུ། དེ་ནི་ ང་བཅས་རའི་སྤུངས་ཐིམ་དགེ་འདུན་གྲྭ་ཚང་གིས་གཙོས་ ཕྱོགས་ཀྱི་རབ་སྡེ་དང་ གཞུང་དབང་ལྷ་ཁང་དགོན་སྡེ་བཅས་ཀྱི་ཁྲ་མོར་བཀོད་དེ་ཡོད་པའི་མཆོད་གཞིས་ཀྱི་རིགས་ རྫོང་ཁག་བཅུ་ཐམ་དང་ ཐིམ་ཕུག་ཁྲོམ་སྡེ་རྒྱ་སྐྱེད་ཀྱི་ ས་ཁོངས་ནང་ཚུད་མི་ས་ཆ་ཚུ་ བསྐྱར་འཇལ་འབདཝ་ད་ས་འཐེབ་ཐོན་མི་ཚུ་ མ་གཞི་ སའི་ཁྲིམས་ཡིག་དང་འཁྲིལ་བ་ཅིན་ གཞུང་ལཱི་ས་རིན་ཕུལ་དགོཔ་ཨིན། ཨིན་རཱིང་ ང་བཅས་རའི་ཆོས་སྡེ་ཚུ་གི་ཐད་ དཔལ་ལྡན་འབྲུག་པའི་བསྟན་སྲིད་ཀྱི་ཕན་བདེའི་གཞི་རྩ་ཨིནམ་ལས་ ཞབས་ལས་ འཕགས་ཚོགས་དགེ་འདུན་འདུས་པའི་ཞབས་ཏོག་ལཱི་དགོངས་ཏེ་ ཟུར་སྦྲགས་ཐོ་ཡིག་ནང་གསལ་གྱི་ས་འཐེབ་ ཨེ་ཀར་བསྡོམས་ ༢༦༥.༡༡༥༧ འབད་མི་འདི་ ས་རིན་དངུལ་ཀྲམ་ ས་ཡ་བཅུ་གཉིས་དེ་ཅིག་གནས་མི་འདི་ དགོངས་ཡངས་གནང་ཡོདཔ་ལས་ གྲྭ་ཚང་དགོན་སྡེ་རང་སོའི་མཚན་ཐོག་ཁར་ ས་ཁྲམ་རྐྱབ་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ འབྲུག་མངའ་བདག་རྒྱལ་པོ།
ང་ལུ་སྐྱིད་སྡུག་གི་བཀའ་ཤོག་བྲིས་གནང་?
མི་སེར་ལཱི་ས་ཆའི་སྐྱིད་སྡུག་བཀའ་ཤོག། ࿐ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་བློ་ཡངས་ལུ། དེ་ནི་ ་་་་་་་་་་་་་་རྫོང་ཁག་་་་་་་་་་་་་་་་་་་རྒེད་འོག་ལས་ ངོ་མིང་་་་་་་་་་་་་་་་་་་མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་་་་་་་་་་་་་་་ཅན་མ་ལཱི་ བུ་གཞི་ཁ་ཕྲ་འཚོ་སྐྱོང་འཐབ་དགོཔ་མང་རབས་ཅིག་ཡོད་རཱིང་ ཁོ་ལཱི་ཟ་སྤྱོད་ཀྱི་ས་ཞིང་ཟེརཝ་ ཏོག་ལུབ་གང་ར་མེད་པའི་སྐྱིད་སྡུག་ལཱི་གཟིགས་ཏེ་ རྩི་རང་རྫོང་ཁག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒེད་འོག་ གཡུས་་་་་་་་་་་་་་་་་་་་ལས་ཟ་སྤྱོད་བཏུབ་པའི་ས་ཆ་ཨེ་ཀར་ ༥ གནང་མི་དེ་ ་་་་་་་་་་་་་་་་་མིང་ཐོག་ཁར་ཁྲམ་རྐྱབ་སྟེ་བྱིན་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ འབྲུག་མངའ་བདག་རྒྱལ་པོ།
ང་ལུ་མི་སེར་ལཱི་ས་ཆའི་སྐྱིད་སྡུག་བཀའ་ཤོག་བྲིས་གནང་?
ཕྱག་ཕྱིད་འབྱོར་མི་ལཱི་ས་ཆའི་སྐྱིད་སྡུག་བཀའ་ཤོག། ࿐ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་བློ་ཡངས་ལུ། དེ་ནི་ ་་་་་་་་་་་་་་་རྫོང་ཁག་་་་་་་་་་་་་་་་རྒེད་འོག་ ངོ་མིང་་་་་་་་་་་་་་་་་་་་་་་་མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་་་་་་་་་ཅན་མ་དེ་གིས་ བསྟན་སྲུང་དམག་སྡེ་ནང་འཛུལ་ཏེ་ མི་ལཱུ་་་་་་་་རིང་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལཱི་ ཐ་དང་དམ་ཚིག་བསྟེན་ཏེ་ ཕྱག་ཕྱིད་གང་དྲག་ཞུ་ཡོད་མི་ལཱི་ ཞབས་ལས་ ཐུགས་བརྩེས་གཟིགས་ཏེ་ ་་་་་་་་་་་་་་་་་་་་རྫོང་ཁག་་་་་་་་་་་་་་་རྒེད་འོག་་་་་་་་་་་་་་་་་་་ གཡུས་་་་་་་་་་་་་་་་་་་་་་ལས་ ས་ཆ་ཨེ་ཀར་ ༥ སྐྱིད་སྡུག་གནང་ཡོད་མི་དེ་་་་་་་་་་་་་་་གི་མིང་ཐོག་ཁར་ཁྲམ་རྐྱབ་སྟེ་བྱིན་དགོ་པའི་སེམས་ངེས་བགྱི། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ འབྲུག་མངའ་བདག་རྒྱལ་པོ།
ང་ལུ་ཕྱག་ཕྱིད་འབྱོར་མི་ལཱི་ས་ཆའི་སྐྱིད་སྡུག་བཀའ་ཤོག་བྲིས་གནང་?
མི་སེར་མཉམ་ཆུང་ལཱི་ལྟོ་ཕོགས་སྐྱིད་སྡུག་བཀའ་ཤོག། ࿐ དངུལ་རྩིས་བློན་པོ་བློ་ཡངས་ལུ། དེ་ནི་ ་་་་་་་་་་་་་་་་་་་་་་་རྫོང་ཁག་་་་་་་་་་་་་་་་་་་་་་་རྒེད་འོག་་་་་་་་་་་་་་་་་གཡུས་་་་་་་་་་་་་་་་་་་་་་་་་་་ལས་ངོ་མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་་་་་་་་་་་་་་་སྐྱེས་་་་་་་་་་་་་་་་་་་་་་ལང་མི་དེ་ གཟུགས་ཀྱིས་ལྕོགས་གྲུབ་མེད་པའི་ཁར་ ཁོ་ ཡངན་ མོ་ལཱི་ བདག་འཛིན་འཐབ་སྟེ་སྐྱིད་སྡུག་ལྟ་མི་ ནང་མི་ཉེ་ཚན་ག་ཡང་མེད་མི་ལཱི་ ཞབས་ལས་ཐུགས་བརྩེས་གཟིགས་ཏེ་ ཁོ་ ཡངན་ མོ་རའི་ མི་ཚེའི་རིང་ མ་ཎི་བགྱངས་སྡོད་ནི་གི་དོན་ལཱི་ ཕོགས་འཐུས་ཟླ་རིམ་དངུལ་ཀྲམ་ ༡༠༠༠ (གཅིག་སྟོང་) རུ་ གནང་ཡོད་མི་འདི་ འབྲེལ་ཡོད་རྫོང་ཁག་ལས་ ཟླ་རིམ་བཞིན་སྤྲོད་དགོ་པའི་བཀའ་ཐམ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ འབྲུག་མངའ་བདག་རྒྱལ་པོ།
ང་ལུ་མི་སེར་མཉམ་ཆུང་ལཱི་ལྟོ་ཕོགས་སྐྱིད་སྡུག་བཀའ་ཤོག་བྲིས་གནང་?
མི་ཁུངས་སྐྱིད་སྡུག་བཀའ་ཤོག། ࿐ དེ་ནི་ ཐིམ་ཕུག་ཆ་འདུས་ ཐིམ་ཁྲོམ་ལས་ འཆི་མེད་བསོད་ནམས་ཀྱིས་ ཁོ་ར་དང་ ཁོ་གི་བུ་གཞི་ཚུ་ འབྲུག་གི་མི་ཁུངས་ཞུ་ནིའི་གསལ་ཞུའི་ཐད་ ཁོ་གི་ཕ་མ་ཚེ་འདས་གཉིས་ སྤྱི་ལཱུ་ ༡༩༥༩ ལཱི་ བོད་ལས་ འབྲུག་ལཱི་སྐྱབས་བཅོལ་པ་སྦེ་ལྷོད་དེ་ ཁོ་ར་སྐྱེ་ས་སྦོམ་ས་ར་འབྲུག་ལཱི་ཨིན་པའི་ཁར་ གཉེན་ཡང་འབྲུག་མི་དང་གཅིག་ཁར་རྐྱབ་སྟེ་ བར་ན་བུ་གཞི་ལྔ་རུ་ཚུད་དེ་ཡོད་མི་ལཱི་ མངའ་ཞབས་ལས་ ཐུགས་བརྩེས་གཟིགས་ཏེ་ ད་རུས་ལས་བཟུང་ འཆི་མེད་བསོད་ནམས་སྐྱེས་ལཱུ་ ༤༠ འབད་མི་དང་ བུམོ་བསྟན་འཛིན་ལྷ་མོ་སྐྱེས་ལཱུ་ ༡༧ བུ་ཚེ་རིང་རྣམ་རྒྱལ་སྐྱེས་ལཱུ་ ༡༥ འབད་མི་ངོ་གྲངས་གསུམ་ འབྲུག་གི་མི་ཁུངས་ངོ་མའི་གྲངས་སུ་ཆ་འཇོག་མཛད་གནང་གྲུབ་པའི་བཀའ་ཐམ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ འབྲུག་མངའ་བདག་རྒྱལ་པོ།
ང་ལུ་མི་ཁུངས་སྐྱིད་སྡུག་བཀའ་ཤོག་བྲིས་གནང་?
མི་མང་ལཱི་དྲིལ་བསྒྲགས་བཀའ་ཤོག། ࿐ སྨན་ལྗོངས་འབྲུག་གི་མངའ་འབངས་སུ་གཏོགས་པའི་མི་མང་ཆེ་འབྲིང་ཆུང་གསུམ་ཡོངས་ལཱི། ། དེ་ནི་ ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་གི་སྔར་སྲོལ་ཁྱད་ཆོས་བཟང་པོ་ སྒྲིག་ལམ་ཆོས་གསུམ་དང་ བཟའ་བཅའ་འགྲོ་གསུམ་ ལྷག་པར་དུ་ ཆོས་དང་ལམ་སྲོལ་གྱི་སྲོག་ཤིང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་གིས་གཙོས་པའི་ རང་ལཱིགས་ཐུན་མོང་མ་ཡིན་པའི་ངོ་རྟགས་ཚུ་ བདག་འཛིན་དང་ རྒྱུན་སྐྱོང་འཐབ་དགོཔ་འདི་ རྒྱལ་ཁབ་ཀྱི་རང་དབང་ཡུན་བརྟན་གྱི་དོན་ལཱི་ མེད་ཐབས་མེད་པའི་གལ་ཅན་ཅིག་ཨིན། ཨིན་རཱིང་ ད་རུས་ནངས་པ་ འཛམ་གླིང་གཅིག་འགྱུར་དང་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་ཤུགས་ལས་བརྟེན་ ང་བཅས་རའི་རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་ལམ་སྲོལ་དང་སྐད་ཡིག་ཚུ་གིས་ རང་བཞིན་མེད་པར་དབང་སྟེ་འོང་བའི་སྐབས་ལཱི་ འབྲུག་མི་ཚུ་གིས་རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིས་ཀྱི་མཐའ་དོན་ལཱི་ མནོ་བསམ་འཐེབ་ཅིག་ར་བཏང་སྟེ་ རང་གི་ཆོས་དང་ལམ་སྲོལ་ སྐད་ཡིག་གི་ཁྱད་ཆོས་བཟང་པོ་ཚུ་ལཱི་ གཞན་ལས་ལྷག་པའི་དག་སྣང་བསྐྱེད་དེ་ རང་སྲོལ་རང་གིས་གཟུང་ནི་ལཱི་ ནམ་ཡང་འགྱུར་བ་མེད་པའི་བརྩོན་ཤུགས་བསྐྱེད་དེ་ ཚུལ་མཐུན་གྱི་དང་ལུན་དུས་དང་རྣམ་པ་ཀུན་ཏུ་ འབད་དགོཔ་སེམས་མངའ་འཚལ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ བཀྲ་ཤིས་ཆོས་རྫོང་ལས། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་མི་མང་ལཱི་དྲིལ་བསྒྲགས་བཀའ་ཤོག་བྲིས་གནང་?
ཚོགས་དཔོན་མཆོག་གི་ཁྱབ་བསྒྲགས་བཀའ་ཤོག། ࿐ ྒྱལ་ཡོངས་ཚོགས་འདུའི་ཆེ་བསྟོད་ཅན་གྱི་འཐུས་མི་ཡོངས་ཀྱི་གསེར་སྙན་དུ། དེ་ནི་ འབྲུག་གི་སྤྱི་ཚོགས་དང་པའི་འཚོག་ཐེངས་ ༥ པ་འདི་ གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ཏེ་ གནམ་ལཱུ་་་་་་་་ཟླ་་་་་་ཚེས་་་་ལཱི་དང་ སྤྱི་ལཱུ་་་་་་་་ཟླ་་་་་་་་ཚེས་་་་་་་་ལཱི་ འཚོག་ནི་ཨིནམ་ལས་བརྟེན་ འཐུས་མི་རང་སོའི་འདེམས་ཁོངས་ཀྱི་མཐའ་དོན་དང་འབྲེལ་བའི་ཞུ་བ་དང་ གཞན་ཡང་ རྒྱལ་ཁབ་སྤྱི་ཕན་གྱི་གྲོས་གཞི་རུ་ཕུལ་ནི་ཡོད་པ་ཅིན་ གོང་འཁོད་ཚེས་གྲངས་མ་རན་པའི་ཟླ་ངོ་ ༡ གི་སྔ་གོང་ལས་ ཚོགས་འདུའི་ལྷན་ཁག་ཡིག་ཚང་ནང་ལྷོདཔ་སྦེ་ ཕུལ་ཐབས་བསྒྲིག་དགོཔ་ཐུགས་ལཱི་མངའ་བར་འཚལ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ ཚོགས་དཔོན། འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ།
ང་ལུ་ཚོགས་དཔོན་མཆོག་གི་ཁྱབ་བསྒྲགས་བཀའ་ཤོག་་བྲིས་གནང་?
གནས་རིམ་ཡར་སེང་ཐོག་ལས་བདག་རྐྱེན་གསར་བསྐོས་ཀྱི་བཀའ་ཤོག། ࿐ དེ་ནི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ལྷན་རྒྱས་གཞུང་ཚོགས་ལས་ གྲོས་འདེབས་འབྱོར་ཡོད་མི་ལཱི་གཞི་བཞག་སྟེ་ ནཱ་ཞབས་ལས་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་འཆར་བཀོད་ལས་རིམ་གཙོ་འཛིན་ ངོམ་་་་་་་་་་་་་་་་་་་་་་་་་་་་་་་་དེ་གིས་ འབྲུག་གི་རྩ་བ་གསུམ་ལཱི་ ཐ་དམ་ཚིག་བསྟེན་ཏེ་ ཕྱག་ཕྱིད་གང་དྲག་ཞུ་ཡོད་པའི་ལུགས་བསྟོད་ལཱི་ ད་རུས་ཀྱི་གོ་གནས་ལས་ གནས་རིམ་གཅིག་ཡར་སེང་འབད་དེ་ སྤྱི་ཚེས་་་་་་་་་་་་་་་་་ལས་ གཞལམ་སྒང་རྫོང་བདག་སྦེ་གསར་བསྐོས་ཀྱི་བདག་རྐྱེན་གནང་ཡོད་པའི་བཀའ་ཐམ། གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ བཀྲ་ཤིས་ཆོས་རྫོང་ལས་དགེ། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་གནས་རིམ་ཡར་སེང་ཐོག་ལས་བདག་རྐྱེན་གསར་བསྐོས་ཀྱི་བཀའ་ཤོག་་བྲིས་གནང་?
འབྲུག་ཐུགས་སྲས་ཀྱི་རྟགས་མའི་བཀའ་ཤོག། ࿐ དེ་ནི་ ལྷན་ཁག་ ཡངན་ལས་ཁུངས་ལས་ ངོ་མིང་་་་་་་་་་་་་་་་་་་་་་་་ ང་བཅས་རའི་སྨན་ལྗོངས་འབྲུག་རྒྱལ་ཁབ་ཀྱི་ རང་དབང་རང་བཙན་གྱི་རྟགས་མཚན་ ཐུན་མོང་མ་ཡིན་པ་ རྒྱལ་ཡོངས་གཞུང་སྐད་རྫོང་ཁ་དང་ གཞན་ཡང་ སྔར་སྲོལ་ཡ་རབས་བཟང་པོའི་ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་གྱི་དོན་ལཱི་ ཧིང་དྭངས་མའི་དཀྱིལ་ལས་ར་ འབྲུག་གི་རྩ་བ་གསུམ་ལཱི་ ཐ་དམ་ཚིག་བསྟེན་ཏེ་ མི་ལཱུ་་་་་་་་་་་གི་རིང་ ཅི་ཤེས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཕྱིད་ཞུ་བ་གིས་མ་ཚད་ རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིས་ལཱི་ཕན་པའི་ལཱ་ཤུལ་ཡང་ མང་རབས་ཅིག་བཞག་ཡོད་མི་འདི་ལཱི་ གཞུང་ཞབས་ལས་ ལུགས་སོའི་གཟེངས་བསྟོད་ཀྱི་ངོས་འཛིན་ལཱི་ འབྲུག་ཐུགས་སྲས་ཀྱི་རྟགས་མ་འདི་ གནམ་ལཱུ་་་༢༠༢༤་་་་་ཟླ་་་༤་་་་་ཚེས་་་་༡༠་་་་་་ལུ་འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་་་་་་་་་་་་་་་པ་གི་ཕུན་སུམ་ཚོགས་པའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མར་གནང་བ་དགེ། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་འབྲུག་ཐུགས་སྲས་ཀྱི་རྟགས་མའི་བཀའ་ཤོག་བྲིས་གནང་?
དོན་གཅོད་སྐུ་ཚབ་ལཱི་གནང་ནིའི་རྟགས་མའི་བཀའ་ཤོག། ࿐ དེ་ནི་ ངོ་མིང་་་་་་་་་་་་་་་་་་་་་་་་་་་་་ དཔལ་ལྡན་འབྲུག་པའི་རྩ་བ་གསུམ་ལཱི་ དད་དམ་འགྱུར་བ་མེད་པའི་ལྷག་བསམ་རྣམ་དག་གི་སྒོ་ལས་ གཞུང་གི་ཕྱི་འབྲེལ་གྱི་སྲིད་བྱུས་གོང་ལཱི་བཀུར་ཏེ་ འདས་པའི་ལཱུ་ངོ་་་་་་་་་་་རིང་ ཕྱིའི་རྒྱལ་ཁབ་ཚུ་ནང་ འབྲུག་གཞུང་གི་དོན་གཅོད་ སྐུ་ཚབ་སྦེ་སྡོད་རིང་ འགྲན་ཟླ་མེད་པའི་ཐབས་ཤེས་སྣ་ཚོགས་དང་ འབད་རྩོལ་སྦོམ་བསྐྱེད་དེ་ འབྲུག་གཞུང་དང་ ཕྱིའི་རྒྱལ་ཁབ་ཚུ་གི་བར་ནའི་མཐུན་ལམ་དེ་ སྔར་བ་ལྷགཔ་སྦེ་ ཡར་སྐྱེད་བཏང་བ་གིས་མ་ཚད་ འབྲུག་དང་འཛམ་གླིང་རྒྱལ་སྤྱིའི་ལས་སྡེ་ཚུ་གི་བར་ན་གོ་རྟོགས་དང་མཉམ་འབྲེལ་ཚུ་ཡང་ ག་ཅི་དེ་ཅིག་གོང་འཕེལ་བཏང་ཡོད། ཁོ་གིས་ དེ་བཟུམ་མའི་ཁྱད་དུ་འཕགས་པའི་ཐབས་རིག་ལས་བརྟེན་ འབྲུག་གཞུང་དང་ རྒྱལ་ཁབ་ཀྱི་ཐུགས་འདོད་ཚུ་ ངལ་རངས་ཏོག་ཏོ་སྦེ་བསྒྲུབས་ཡོད་པའི་ཁར་ འབྲུག་གཞུང་གིས་བསྟོད་པར་འོས་པའི་ཆབ་སྲིད་སྐྱོང་བཞག་གི་སྙན་གྲགས་དེ་ སྔར་ལས་ལྷགཔ་སྦེ་དར་ཁྱབ་གཏང་ནི་ལཱི་ ཕན་ཐོགས་བྱུང་ཡོད་པའི་གཟེངས་བསྟོད་ཀྱི་ལུགས་སོ་ལཱི་ འབྲུག་ཐུགས་སྲས་ཀྱི་རྟགས་མ་འདི་ གནམ་ལཱུ་་་་་་་་་་་་་ཟླ་་་་་་་་ཚེས་་་་་་་་་་་ལཱི་གནང་བ་དགེ། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་དོན་གཅོད་སྐུ་ཚབ་ལཱི་གནང་ནིའི་རྟགས་མའི་བཀའ་ཤོག་བྲིས་གནང་?
ལཱ་ཤུལ་གྲུབ་འབྲས་ཀྱི་རྟགས་མའི་བཀའ་ཤོག། ࿐ དེ་ནི་ འཇིམ་བཟོ་སློབ་དཔོན་་་་་་་་་་་་་་་་་་་་སྤྱི་ལཱུ་་་་་་་་་་་་་་་་་་་་་་ལཱི་གཞུང་གཡོག་ནང་འཛུལ་ཞིནམ་ལས་ཚུར་ འཇིམ་བཟོ་དང་ལྷ་བྲིས་ཀྱི་ལཱ་ལཱི་བརྩོན་ཏེ་ རྒྱལ་ཁབ་ཕྱི་ནང་གཉིས་ལཱི་ ལྷ་ཁང་དགོན་སྡེ་རྩ་ཅན་མང་རབས་ཅིག་གི་སྐུ་རྟེན་ཚུ་ ཉམས་གསོ་དང་གསར་བཞེངས་སྤུས་དག་བསྒྲུབས་པ་གིས་མ་ཚད་ འཇིམ་བཟོའི་ན་གཞོན་སློབ་ཕྲུག་ཚུ་ལཱི་ འཇིམ་བཟོ་དང་ལྷ་བྲིས་ཀྱི་རིག་རྩལ་ མངོན་སུམ་དུ་བསླབ་སྟོན་དང་སྦྱོང་བརྡར་བྱིན་ཏེ་ རི་མོ་དང་ལྷ་བཟོའི་ཤེས་ཡོན་དང་རིག་རྩལ་ཚུ་ དར་ཁྱབ་གཏང་ནི་ལཱི་ཕན་ཐོགས་སྦོམ་སྦེ་ར་བྱུང་ཡོད། ཁོ་གིས་ དཔལ་ལྡན་འབྲུག་པའི་རྩ་བ་གསུམ་ལཱི་ དད་དམ་འགྱུར་བ་མེད་པའི་ལྷག་བསམ་རྣམ་དག་གི་སྒོ་ལས་ ཕུལ་དུ་ཕྱིན་པའི་ ཕྱག་ཕྱིད་ཞབས་ཏོག་འབྱོར་ཡོདཔ་ལས་བརྟེན་ ཆོས་དང་ལམ་སྲོལ་མི་ཉམས་རྒྱུན་སྐྱོང་གོང་འཕེལ་གཏང་ནི་ནང་ ཕན་རྲྀབས་རྒྱ་ཆེར་བྱུང་ཡོད་པའི་ལཱ་ཤུལ་གྲུབ་འབྲས་བཏོན་མི་ལཱི་ གཟེངས་བསྟོད་ཀྱི་ལུགས་སོའི་རྟགས་མ་་་་་་་་་་་་་་་་་་་་་་་་་་་འདི་ གནམ་ལཱུ་་་་་་་་་་་་་ཟླ་་་་་་་་ཚེས་་་་་་་་་་་ལཱི་གནང་བ་དགེ། འབྲུག་མངའ་བདག་རྒྱལ་པོ།
ང་ལུ་ལཱ་ཤུལ་གྲུབ་འབྲས་ཀྱི་རྟགས་མའི་བཀའ་ཤོག་བྲིས་གནང་?
རང་གི་ཨ་པ་ལུ་བསྐྱལ་ནིའི་གཏང་ཡིག། ༊ བྱམས་སྐྱོང་བཀའ་དྲིན་མཚུངས་མེད་དྲིན་ཅན་ཕ་རྒན་མཆོག་གི་དྲུང་དུ།། གུས་པས་གསོལ་དོན། དེ་ནི་ ད་རུས་ཕར་ལཱི་བཞུགས་པའི་ཕ་རྒན་ མཆོག་གི་སྐུ་གཟུགས་ཀྱི་མེ་ཏོག་ལཱི་ རྐྱེན་ངན་བ་མོས་མ་གཙེས་པར་བྱམས་བརྩེའི་ཐུགས་ཀྱིས་སྤུན་འཁོར་ནང་མི་ཚུ་ བདེ་བར་སྐྱོང་སྟེ་ཡོད་པའི་ body་གྱི་ཕྱག་བྲིས་དང་ ལག་རྟགས་བཅས་ ངོམ་་་་་་་་་་་་་་་་་་་་་་་་་་་་་་་གི་ལག་བརྒྱུད་གནང་བཏང་མི་དེ་ རང་གི་ལག་པར་ཉམས་མེད་ ཐོབ་སྟེ་ དངོས་མཇལ་ལས་ལྷག་པའི་དགའ་སྤྲོ་བྱུངམ་ལས་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན། ནཱ་ལཱི་བུ་ཆུང་རང་ཡང་ དཀོན་མཆོག་གི་ཐུགས་རྗེ་ དང་ ཕ་རྒན་ཁྱེད་ར་གི་ཐུགས་སྨོན་ལས་ རྐྱེན་ངན་བར་ཆད་མེད་པར་ སློབ་སྦྱོང་ལཱི་བརྩོན་ངང་ཡོདཔ་ལས་ ཐུགས་མ་བདེཝ་ག་ནི་ཡང་མཛད་མི་དགོ། མཚམས་དོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།་ གནམ་ལཱུ་ ༢༠༢༤ ་ཟླ ་༠༤ ཚེས ་༢༢ ་ལ གུས་པས་ ཕུལ།
ཨ་པ་ལུ་བསྐྱལ་ནིའི་གཏང་ཡིག་ཅུག་བྲིས?
རང་གི་ཨའི་ལཱི་བསྐྱལ་ནིའི་གཏང་ཡིག ༊ སྲིད་འདིར་བཀའ་དྲིན་འཁོར་མེད་དྲིན་ཅན་མ་རྒན་མཆོག་གི་དྲུང་དུ། གུས་ཞུ་དེ་ནི་། ད་རུས་ དེ་ཁར་བཞུགས་ཡོད་པའི་དྲིན་ཅན་ཨའི་མཆོག་གི་ སྐུ་གཟུགས་དཀར་གསལ་ཟླ་བ་ལཱི་ གནོད་རྐྱེན་སྒྲ་གཅན་གྱིས་འཚེ་བ་མེད་པར་ བྱམས་བརྩེའི་འོད་ཀྱིས་ ཚེ་འདིར་གཅིག་ཁར་འབྲེལ་བའི་སྤུན་ འཁོར་ནང་མི་ཚུ་ བརྩེ་བས་སྐྱོང་བཞིན་པར་བཞུགས་ཡོད་པའི་རུ་འདོད་སྦོམ་ཡོད་ཟེར་ཞུ་ནི་ཨིན།། ནཱ་ལཱི་སྡོད་མི་ཕྲན་རང་ཡང་ གོང་མའི་སྐུ་ བསོད་དང་ དྲིན་ཅན་ཨ་མའི་ཐུགས་སྨོན་ལས་བརྟེན་ བདེ་ཞིང་སྐྱིད་པའི་ངང་ལཱི་གནས་ཏེ་ཡོད་ཟེར་ཞུ་ནི་ཨིན། མཚམས་དོན་་་་་་་་་་་་་་་་་་་་། གནམ་ལཱུ་ ༢༠༢༤ ་ཟླ ་༠༤ ཚེས ་༢༢ ་་ལ གུས་པས་ ཕུལ།
ང་ལུ་ཕམ་ལུབསྐྱལ་ནིའི་གཏང་ཡིག་ཅུག་བྲིས?
བུམོ་གིས་ཨའི་ལཱི་བསྐྱལ་ནིའི་གཏང་ཡིག ༊ འཚོ་བའི་ལཱིས་རྟེན་སྐྱེས་པའི་དྲིན་ཅན་ཨའི་མཆོག་ལཱི། ཁྱོད་རའི་བུམོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གིས་ཞུ་དོན།། དེ་ནི་ ད་རུས་ཨའི་ ཁྱོད་ཡང་ སྐུ་ཁམས་བཟང་ཏོག་ཏོ་སྦེ་བཞུགས་ཡོད་པའི་རུ་བ་ཡོད། ནཱ་ལཱི་བུམོ་ང་ཡང་ གཟུགས་ཁམས་བདེ་ཏོག་ཏོ་སྦེ་ དཔེ་ཆ་ཚུ་རྩ་ འགེངས་ཏེ་ལྷབ་དོ་ཟེར་ཞུ་ནི་ཨིན།། ད་རུས་ཨའི་ལཱི་ཞུ་ནི་གི་དོན་དག་ངོ་མ་འདི་ ང་བཅས་ཀྱི་སློབ་གྲྭ་ནང་ལཱི་ དུས་ཅི་ལས་འགོ་བཙུགས་ཏེ་ ཏའི་ཀཱྨོན་ཌོ་དང་ ཀ་ར་ཏི་ཚུ་ཡང་སྟོན་ནི་གི་ལས་རིམ་ཡོད། འདི་གི་དོན་ལཱི་དགོ་པའི་གྱོན་ཆས་དང་ཅ་ཆས་ཚུ་ རང་གིས་བཅའ་སྒྲིག་རྐྱབ་དགོཔ་ལས་ དེ་ཉོ་ནི་གི་དོན་ལཱི་ ཨའི་གིས་ང་ལཱི་ཏི་རཱི་སྟོང་ཕྲག་ ༣ དེ་ཅིག་བསྐྱལ་གནང་ཟེར་ཞུ་ནི་ཨིན་ལགས། ཞེས་སྤྱི་ལཱུ་ ༢༠༢༤ ཟླ་་ ༠༦ ཚེས་་ ༠༥ ་ལཱི་ གུས་བཅས་་ཕུལ།
ཨའི་ལུ་བསྐྱལ་ནིའི་གཏང་ཡིག་ཅུག་བྲིས?
ཨའི་གིས་བུ་ལཱི་བསྐྱལ་ནིའི་གཏང་ཡིག། ༆ ཧིང་ལས་གཅེས་པའི་བུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཁམས་བཟང་ལུ དོན་འབྲས་ དོན་འབྲས་ དེ་ནི་ ཁྱོད་ཡང་དཀོན་མཆོག་གི་ཐུགས་རྗེ་ལས་ ་ཧེ་མ་བཟུམ་སྦེ་ར་ཡོདཔ་འོང་མནོ་བའི་རུ་བ་དང་ ནཱ་ང་བཅས་ཡང་ ལུགས་ཤོམ་སྦེ་ཡོད། ང་གིས་གོ་དོ་བཟུམ་འབད་བ་ཅིན་ ཁྱོད་ཀྱི་སློབ་གྲྭ་ནང་ལཱི་ སློབ་ཕྲུག་ལ་ལཱི་ཅིག་གིས་ ཆ་རཱུགས་བཀྲ་མ་ཤིསཔ་ཚུ་དང་གཅིག་ཁར་ ཁ་བསྡོམས་ཏེ་ མི་གཞན་དང་གཅིག་ཁར་འཐབ་འཛིང་རུ་ཡང་ འབད་བའི་ལཱུ་རྒྱུས་གོཝ་མས། འདི་ཚུ་བདེན་པ་ཅིན་ ལུགས་ཤོམ་སྤུ་ལས་ར་ མེནམ་ཨིནམ་ ཁྱོད་ར་གིས་ཧ་གོ་དགོ། རཱུགས་ག་དེ་སྦེ་འབད་རཱིང་ རང་ཟེར་མི་འདི་ ཕམ་ཉམ་ཆུང་གི་ཨ་ལཱི་ཨིན་པའི་མནོ་བསམ་བཏང་སྟེ་ ཆ་རཱུགས་བྱང་ཉེས་དང་གཅིག་ ཁར་ ཁ་བསྡོམ་ནི་ཚུ་ལུགས་ཤོམ་མེན་ཟེར་ ཁ་བཀོད་བྱིན་མི་འདི་ལཱི་ བུ་ཁྱོད་ཀྱིས་ཡང་ ཉན་ཁུག་བཏབ་འོང་མནོ་བའི་རུ་བ་ཡོད། ཞེས་ གནམ་ལཱུ་ ༢༠༢༤ ་ཟླ་་ ༠༦ ་ཚེས་ ༠༥ ་ལ
བུ་ལུ་བསྐྱལ་ནིའི་གཏང་ཡིག་ཅུག་བྲིས?
ལྟ་ལྟོ་ཚང་ཅིག་ལཱི་བསྐྱལ་ནིའི་གཏང་ཡིག། ༊ ཤེས་ལྡན་ལྟོ་ཚང་བཀྲ་ཤིས་དབང་ཆེན་སྐུ་འཚོ་གཙང་བའི་ཕྱག་ལཱི། ཞུ་འབྲས་དེ་ནི་ ཚེ་རབས་ལུ་ཤ་ལས་བསགས་པའི་བསོད་ནམས་ཀྱི་དངོས་པོ་གངས་རིའི་ཕུང་པོ་དེའི་དཀར་བའི་ལཱུགས་ལས་ ལུགས་བྱས་ཀྱི་ཆུ་ཀླུང་བར་མེད་ལཱི་འབབ་སྟེ་ འདོད་ཡོན་གྱི་ལཱུངས་སྤྱོད་དང་ལྡན་པར་ ཡོད་པ་ནི་ཡིད་སྤྲོ་ཆེ། ནཱ་ལཱི་ཡང་ དཀོན་མཆོག་གི་ཐུགས་རྗེ་ལས་ འབྱུང་ཁམས་ལཱི་ཉེར་འཚེ་མེད་པར་སྔར་བཞིན་དུ་ཡོད། མཚམས་དོན་་་་་་། ཞེས་སྤྱི་ལཱུ་ ༢༠༢༤ ཟླ་་ ༠༦ ཚེས་་ ༠༥ ་ལཱི་ ཕུལ།
ཆ་རོགས་ལུ་བསྐྱལ་ནིའི་གཏང་ཡིག་ཅུག་བྲིས?
རང་གི་ལཱ་རུབ་འབད་མི་རྒན་ཤོསམ་ཅིག་ལུབསྐྱལ་ནིའི་གཏང་ཡིག།། ༊ ཤེས་རིག་རྣམ་པར་བཀྲ་བའི་་་་་་་་་་་་་་་་་་་་་་་་་་་བློ་ཡངས་ལཱི། དོན་འབྲས་དེ་ནི་ ཁྱོད་ཡང་ལང་ཚོའི་མེ་ཏོག་ལཱི་ བ་མོའི་རུག་བྱ་ དང་བྲལ་ཏེ་ ཕྱི་ནང་བྱ་འོས་ཀྱི་promptསུང་འཐུལ་བཞིན་དུ་ཡོད་པ་ཡིད་དགའ་ཆེ། ནཱ་ལཱི་ང་ཡང་ ལཱིས་སེམས་ཧེ་མ་བཟུམ་བདེ་བའི་ངང་ལས་ དུས་རྒྱུན་གྱི་ལཱ་ལཱི་བརྩོན་བཞིན་ཡོད། མཚམས་དོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། གནམ་ལ ༢༠༢༤ ཟླ་་ ༠༦ ཚེས་་ ༠༥ ་ལཱི་
རང་གི་་རྒན་ཤོསམ་ཅིག་ལུ་བསྐྱལ་ནིའི་གཏང་ཡིག་ཅིག་བྲིས?
རང་གི་ལཱ་རུབ་འབད་མི་གཞོན་ཤོསམ་ཅིག་ལཱི་བསྐྱལ་ནིའི་གཏང་ཡིག། ༊ ཤེཚེ་དབང་དར་རྒྱས་ཁམས་བཟང་ལྡན་པ་ལུ དོན་འབྲས་དེ་ནི་ ད་རུས་ཁྱོད་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ལས་ ཧེ་མ་བཟུམ་ར་སྡོད་ཡོདཔ་འོང་མནོ་བའི་རུ་བ་ཡོད། ང་ཡང་ད་ལྟོ་གཟུགས་ཕུང་ལཱི་ཉེར་འཚེ་མེད་པར་བདེ་ཏོག་ཏོ་སྦེ་ར་ཡོད།། མཚམས་དོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། གནམ་ལོ ༢༠༢༤ ཟླ་་ ༠༦ ཚེས་་ ༠༥ ་ལཱི་
རང་གི་་རྒན་ཤོསམ་ཅིག་ལུ་བསྐྱལ་ནིའི་གཏང་ཡིག་ཅིག་བྲིས?
རང་གིས་དགའ་བའི་བུམོ་ཅིག་ལཱི་བསྐྱལ་ནི ༆ ཧིང་ལས་དགའ་བའི་བུམོ་་་་་་་་་་་་་་་་་ལུ། ཞུ་འབྲས། དེ་ནི་ ཁྱོད་ཡང་ཕ་ལཱི་ལུགས་ཤོམ་སྦེ་ ཡོད་པའི་རུ་བ་ཡོད། ང་ཡང་ ནཱ་ལཱི་ཕྱིའི་གཟུགས་ལཱི་ ན་ཚ་ག་ནི་ཡང་མེད་རཱིང་ ནང་སེམས་ལཱི་ སྡུག་བསྔལ་སྦོམ་ཅིག་ཕོག་སྟེ་ ཟ་རཱིང་བཅུད་མེད་ ཉལ་རཱིང་གཉིད་མེདཔ་སྦེ་སྡོད་ཡོད། ་དེ་ཡང་ མདང་ཞག་ཁྱོད་དང་ང་ ཁ་འབྱལ་བའི་ཉིནམ་ལས་ཚུར་ ཉིན་མ་ལཱ་འབད་བའི་སྐབས་ལཱི་ཡང་ སེམས་ཁར་ཁྱོད་ར་དྲན། ནུབ་མོ་ཉལ་བའི་གཉིད་ལམ་ནང་ཡང་ ཁྱོད་ར་མཐོང་དོ་ཟེར་ཞུ་ནི་ཨིན།ཁྱོད་ཀྱིས་ཡང་ མདང་ཞག་སླབ་དོ་བཟུམ་སྦེ་ར་ སེམས་ལཱི་འགྱུར་བ་མེད་ དམ་ཚིག་ལཱི་འཁྲུལ་བ་མ་ཞུགས་པར་ ཁ་ཚིག་དང་འཁྲིལ་ཏེ་ར་འབད་འོང་མནོ་བའི་རུ་བ་ཡོད། སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ སྤེལ།
རང་གིས་དགའ་བའི་བུམོ་ཅིག་ལཱི་བསྐྱལ་ནི་གཏང་ཡིག་ཅིག་བྲིས?
རང་གིས་དགའ་བའི་བུ་ཅིག་ལཱི་བསྐྱལ་ནི ༊ ཧིང་གི་ཆ་རཱུགས་་་་་་་་་་་་་་་་་་་་་་་ཁམས་བཟང་ལུ། ཞུ་འབྲས། དེ་ནི་ ད་རུས་ཁྱོད་ཡང་ཕ་ལཱི་ བདེ་ཏོག་ཏོ་སྦེ་ཡོད་པའི་གུར་ ཁྱོད་རའི་ཡིག་ཚང་གི་ལཱ་འདི་ཚུ་ ལུགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་འོང་མནོ་བའི་རུ་བ་ཡོད། ང་ཡང་ནཱ་ལཱི་ བདེ་ཏོག་ཏོ་སྦེ་ར་ ཡོདཔ་མ་ཚད་ ཨའི་དང་གཅིག་ཁར་ ཁྱིམ་ནང་གི་གཡོག་ལཱ་ཚུ་ རིམ་པ་བཞིན་དུ་འབད་དེ་ཡོད། ད་རིས་ང་གིས་ ཁྱོད་ལཱི་སླབ་དགོཔ་ ངོ་མ་འདི་ར་ མདང་ཞག་ཁྱོད་ར་གིས་ སླབ་དོ་བཟུམ་ ཚེས་བཅུ་གི་ངལ་གསོ་སྐབས་ལཱི་ ང་ལུན་པར་འོང་ནི་གི་རུ་བ་སྦོམ་སྐྱེད་དོ།ག་དེམ་ཅིག་སྦེ་ དེ་བསྒང་འོང་མ་ཚུགས་པ་ཅིན་ སྐྱེས་པའི་ཁ་ཚིག་དང་ ཟ་མའི་གཏམ་ཚིག་ ཟེར་མི་འདི་ཡང་ ཁུངས་མེདཔ་འགྱོ་ནི་བཟུམ་མཐོངམ་ལས་ ཁྱོད་ཀྱིས་འབད་རཱིང་ དེ་ཚུ་སེམས་ཁར་བཞག་སྟེ་འབད་གནང་ཟེར་སླབ་ན སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ ཕུལ།
རང་གིས་དགའ་བའི་བུ་ཅིག་ལུ་བསྐྱལ་ནི་གཏང་ཡིག་ཅིག་བྲིས?
ཨ་རཱུགས་དགའ་རཱུགས་བུམོ་ཅིག་ལུ་བསྐྱལ་ནིའི་ ༊ ངེའི་མཛེས་ལྡན་ཡིད་འཕྲོག་ལྷ་མོ་ལུ། ཆེད་ཞུ། དེ་ནི་ སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་བསྐྲུན་པའི་ མཛེས་པའི་སྐུ་གཟུགས་པདྨ་དཀར་པོའི་སྡོང་པོ་ལཱི་ ཞལ་རས་འདབ་བརྒྱའི་མེ་ཏོག་རྒྱས་པའི་ངོས་ལས་ དྲི་ཞིམ་གུར་གུམ་གྱི་དྲི་ངད་འཐུལ་བའི་ཁར་ གསུང་སྙན་ཚངས་པའི་དབྱངས་ཀྱི་སྙིང་གཏམ་སྦྲང་རྩིའི་ཐིགས་པ་ དཀར་པོའི་རྒྱ་ཤོག་གི་ལཱུགས་ལཱི་ འཇམ་པའི་ཕྱག་གིས་བཀོད་དེ་གནང་མི་དེ་ ཉམས་མེད་ལག་པར་འབྱོར་བའི་དགའ་ཚོར་སྙིང་གི་བདུད་རྩིར་གྱུརཝ་ལས་ཡིད་འཕྲོག་དངོས་སུ་མཇལ་བ་ལས་ལྷག་པའི་དགའ་སྤྲོ་བྱུང་ཡི།། ནཱ་ལཱི་ ད་རུས་ལཱ་སྣ་མང་བའི་སྟབས་ཀྱིས་ དངོས་ཅན་སྒྱུ་མའི་ལཱིས་ལཱི་ དལ་ཁོམ་མ་ཐོབ་སྟེ་འབད་རཱིང་ དངོས་མེད་སེམས་ཀྱི་ནང་ལཱི་ ཨ་རྟག་ར་ཁྱོད་ཀྱི་གཟུགས་སྣང་ཡལ་མེད་སེམས་ཁར་དྲན་བཞིན་དུ་ཡོད། ད་རུས་སེམས་ཀྱི་དག་སྣང་གི་རྟེན་དུ་ རིན་ཆེན་དང་པའི་རྒྱུ་ལས་གྲུབ་པའི་ གཡུ་ཕྲ་ཅན་གྱི་མཛུབ་དཀྱི་ ༡ སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ བསྲིངས།
རང་གིས་ཨ་རཱུགས་དགའ་རཱུགས་་བུམོ་ཅིག་ལུ་བསྐྱལ་ནི་གཏང་ཡིག་ཅིག་བྲིས?
རང་གི་ཨམ་སྲུ་ལུ་བསྐྱལ་ནིའི་ ༊ བརྩེ་གདུང་ཡིད་ཀྱི་འཁྲི་ཤིང་ཚེ་གང་གཏན་གྱི་སྙིང་གྲོགས་་་་་་་་་་་་་་་་་་་་་་་ལུ ད་རུས་སྙིང་གྲོགས་ཁྱོད་གཟུགས་མཛེས་པའི་འཁྲི་ཤིང་ གསར་པའི་ལཱུ་འདབ་རྒྱས་བཞིན་པའི་ངང་ལས་ མཛད་སྤྱོད་ཡ་རབས་བཟང་པོའི་དགེ་མཚན་གྱི་promptཟང་འཐུལ་བཞིན་དུ་ཡོད་པའི་རུ་བ་ཡོད། འདི་ཁར་ཕྲན་རང་ཡང་ མཆོག་གསུམ་དམ་པའི་བྱིན་མཐུ་ལས་ སྔར་བཞིན་བདེ་བར་ཡོད། མཚམས་དོན་་་་་་་་་་་་་་་་་་་་་་་་་་་་་་་་་། སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ སྤེལ།
རང་གི་སཨམ་སྲུ་ལུ་བསྐྱལ་ནིའི་གཏང་ཡིག་ཅིག་བྲིས?
རང་གི་རྨགཔ་ལུ་བསྐྱལ་ནིའི་ ༊ བརྩེ་གདུང་འགྱུར་བ་མེད་པའི་སྙིང་གྲོགས་་་་་་་་་་་་་་་་་་་་་་་་་་་་་་ལུ ད་རུས་སྐབས་ ཁྱོད་ཡང་ གཟུགས་ཁམས་བདེ་བའི་ཐོག་ལཱི་ ལཱ་འདི་ཚུ་ལུགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་འོང་མནོ་བའི་རུ་བ་ཡོད། ང་ཡང་ ཨ་ལཱི་ཚུ་དང་གཅིག་ཁར་ གཡུས་ཁ་ལཱི་ ལུགས་ཤོམ་སྦེ་ཡོད་པའི་གུར་ ཁ་ཙ་ཁ་ཉིནམ་ཅིག་ཁར་ བྱཱ་ལཱ་ཚུ་མཇུག་བསྡུཝ་ཅིག་ར་ཨིན། ད་རུས་ནངས་པར་ རཱུགས་ཁྱིམ་ཚང་ཚུ་ག་ར་ སེར་ཆོག་གཏང་བའི་བསྒང་ཡོད། ང་བཅས་ཡང་ སེར་ཆོག་གི་དོན་ལཱི་ གྲ་སྒྲིག་འབད་དོ་ཡོདཔ་ལས་ དེ་བསྒང་ཁྱོད་ར་ག་དེ་འབད་རཱིང་ལྷོདཔ་སྦེ་འོང་དགོཔ་མ་ཚད་ ཕྱག་འགྱེདཔ་ཕུལ་ནི་གི་དོནལཱི་ དངུལ་ཁང་ནང་ལས་དངུལ་ལཱུར་གསརཔ་དང་ ཕྱི་མ་ཡང་སོར་ཏེ་འབག་འོང་གནང་ཟེར་སླབ་ནི་ཨིན།་། སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ ཕུལ།་
རང་གི་རྨགཔ་ལུ་བསྐྱལ་ནིའི་གཏང་ཡིག་ཅིག་བྲིས?
རརང་གི་མཐུན་བཤེས་ཅིག་ལུ་བསྐྱལ་ནིའི་ ༊ ལུགས་བྱས་ཡོངས་སུ་འཁྱིལ་བའི་ཆུ་གཏེར་ལས། །ཉེར་འཁྲུངས་དགེ་མཚན་འབུམ་ལྡན་བསིལ་ཟེར་འོད། །རིས་མེད་ཀུན་ལ་ཕན་ བདེའི་དཔལ་སྟེར་བའི། །གྲོགས་མཆོག་ཟླ་བ་གཞོན་ནུའི་ཞབས་དྲུང་དུ།། རྙེད་དཀའི་དལ་རྟེན་འཁྲི་ཤིང་ཐོབ་ན་ཡང་། །མཐུན་རྐྱེན་འཁོར་ལཱུའི་ཆ་ཤས་རབ་དམན་པས། །ལང་ཚོའི་ཆ་ཤས་ངོམས་པར་མ་ནུས་པའི། །གྲོགས་དམན་ཡལ་འདབ་དུད་བཞིན་མཆིད་འདི་ཞུ། །གྲངས་མེད་ཚེ་རབས་སྔོན་ནས་ཚོགས་གཉིས་ཀྱི། །འབྲས་བུའི་དགེ་མཚན་མངོན་མཐོའི་དཔལ་ཡོན་ལས། །དགེ་ལུགས་སྟོང་ལྡན་སྐུ་མཛད་གོང་འཕེལ་ངོས། །བདག་གཞན་དོན་གཉིས་འགྲུབ་འདི་བཀའ་དྲིན་དཔལ། སླད་མའི་ཆར་ཡང་ཁྱོད་སྐུ་ཀུ་མུད་གཉེན། །མི་མཐུན་སྒྲ་གཅན་གནོད་པ་རིང་འབྲལ་ཞིང་། །མཛད་བཟང་གླིང་བཞིའི་མུན་པ་རབ་བསལ་ནས། །རྣམ་མང་སྐྱེ་དགུའི་དཔལ་དུ་བཞུགས་པར་སྨོན། །དེ་སྐད་ཞུ་མཆིད་སྙན་འཇེབས་བྲལ་ན་ཡང་། །དག་སྣང་མཐུན་པའི་body་གདུང་བའི་དབྱངས། །ལྷག་བསམ་དྲི་མེད་དར་དཀར་རྟེན་བརྒྱུད་དེ། །བརྩེ་སེམས་རླུང་གིས་མཁའ་ལམ་ཕྱོགས་སུ་འཕུར།། སྤྱི་ལོ་༢༠༢༤་་་ཟླ་་་་་༠༦་་ཚེས་་་༠༥་་་ལཱི་ ཕུལ།་
རང་གི་མཐུན་བཤེས་ལུ་བསྐྱལ་ནིའི་གཏང་ཡིག་ཅིག་བྲིས?
གོང་ཚད་རིན་བསྡུར་བཀོད་ཤོག།། ༠༧/༠༥/༢༠༢༤ ༠༨ འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ། ཕུན་ཚོགས་གླིང་། ་སློབ་གྲྭའི་སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་གོང་ཚད བསམ་གཏན་སྒང་ལཱི་ སློབ་གྲྭའི་སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་གོང་ཚད་ སྔོན་རྩིས་བཏོན་ཏེ་ཕུལ་དགོ་པའི་དོན་ལཱི་ ས་ཁྲ་དང་བཅས་གནང་མི་འདི་ལཱི་ ཟད་གྲོན་ངོ་མའི་གནས་རྩིས་ ཟུར་སྦྲགས་རྩིས་ཐོ་ནང་གསལ་ལྟར་དངུལ་ཀྲམ་་་་་་་་་་་་་་་་དང་། ལཱ་འབད་སའི་ས་གོ་དེ་ནང་ སྣུམ་འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་ ༡ རྐང་སྟོང་འགྱོ་དགོཔ་མ་ཚད་ ལཱ་གི་དུས་ཡུན་འདི་ཡང་ ལཱ་གི་རྒྱ་ཚད་དང་འཁྲིལཝ་ད་ ཐུང་སུ་ཅིག་ལས་མེད་པའི་ཁར་ ལས་མི་འཐོབ་ནི་གི་དཀའ་ངལ་ཚུ་ལས་བརྟེན་ ལཱ་གི་མ་གནས་ངོ་མའི་ཁ་ལཱི་ བརྒྱ་དཔྱ་ ༣༠ ཡར་སེང་རྐྱབ་སྟེ་ཕུལ་ཡོད་མི འདི་ལཱི་ ངོས་ལུན་གནང་ཐབས་ཡོད་པ་ཅིན་ ག་ནི་ལས་བཀའ་དྲིན་ཆེ་ནི་མས། བཟོ་སྐྲུན་ལས་སྡེ།འགྲུལ་འཕྲིན་ཨང་། ༡༧༤༩༣༩༣༧༣༧་པར་འཕྲིན་ཨང་། ༠༢-༦༧༢༦༡༩༢ཡོངས་འབྲེལ་ཨང་། pp@druknet.bt
གོང་ཚད་བཀོད་དེ་ཕུལ་ནི་གི་ཡི་གུ་ཅུག་བྲིས?
ཚོང་ཆས་མཁོ་མངག། ༠༧/༠༥/༢༠༢༤ ༠༨ འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ། ཕུན་ཚོགས་གླིང་། ་སློབ་གྲྭའི་སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་གོང་ཚད བསམ་གཏན་སྒང་ལཱི་ སློབ་གྲྭའི་སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་གོང་ཚད་ སྔོན་རྩིས་བཏོན་ཏེ་ཕུལ་དགོ་པའི་དོན་ལཱི་ ས་ཁྲ་དང་བཅས་གནང་མི་འདི་ལཱི་ ཟད་གྲོན་ངོ་མའི་གནས་རྩིས་ ཟུར་སྦྲགས་རྩིས་ཐོ་ནང་གསལ་ལྟར་དངུལ་ཀྲམ་་་་་་་་་་་་་་་་དང་། ལཱ་འབད་སའི་ས་གོ་དེ་ནང་ སྣུམ་འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་ ༡ རྐང་སྟོང་འགྱོ་དགོཔ་མ་ཚད་ ལཱ་གི་དུས་ཡུན་འདི་ཡང་ ལཱ་གི་རྒྱ་ཚད་དང་འཁྲིལཝ་ད་ ཐུང་སུ་ཅིག་ལས་མེད་པའི་ཁར་ ལས་མི་འཐོབ་ནི་གི་དཀའ་ངལ་ཚུ་ལས་བརྟེན་ ལཱ་གི་མ་གནས་ངོ་མའི་ཁ་ལཱི་ བརྒྱ་དཔྱ་ ༣༠ ཡར་སེང་རྐྱབ་སྟེ་ཕུལ་ཡོད་མི འདི་ལཱི་ ངོས་ལུན་གནང་ཐབས་ཡོད་པ་ཅིན་ ག་ནི་ལས་བཀའ་དྲིན་ཆེ་ནི་མས། བཟོ་སྐྲུན་ལས་སྡེ།འགྲུལ་འཕྲིན་ཨང་། ༡༧༤༩༣༩༣༧༣༧་པར་འཕྲིན་ཨང་། ༠༢-༦༧༢༦༡༩༢ཡོངས་འབྲེལ་ཨང་། pp@druknet.bt
ཚོང་ཆས་མཁོ་སྤྲོད་ནི་གི་ཡི་གུ་ཅུག་བྲིས?
ཚོང་ཆས་མཁོ་སྤྲོད།། ༠༧/༠༥/༢༠༢༤ ༠༨ ཚོང་ཁང་། ནོར་འཛིན་ལམ། ཐིམ་ཕུག། ཚོང་ཆས་མཁོ་སྤྲོད། དེད་གཡོགཔ་་་་་་་་་་་་་ གི་ལག་པར་ཚོང་ཆས་ཀྱི་རྩིས་ཤོག་དང་ རིན་གོང་རྩིས་ཤོག་སྦྲགས་ཏེ་ རྩིས་སྤྲོད་དེ་བཏང་ཡོདཔ་ལས་ ཁྱོད་ཀྱི་ལག་པར་སྐྱོན་མེད་ཚང་འགྲིག་འབྱོར་འོང་མནོ་བའི་རུ་བ་ཡོད། ཚོང་ཆས་ཀྱི་རིན་དངུལ་་་་་་་་་་་་་་་་་་་་་པོ་དེ་ ནངས་པ་ལས་མ་འགྱངས་པར་ ཐིམ་ཕུག་དངུལ་ཁང་ནང་ ངེ་གི་ རྩིས་ཨང་་་་་་་་་་་་་་་་་་་ནང་ ག་དེ་འབད་རཱིང་བཙུགས་གནང་ཟེར་ཞུ་ནི། འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ། ཕུན་ཚོགས་གླིང་།
ཚོང་ཆས་མཁོ་སྤྲོད་ནི་གི་ཡི་གུ་ཅུག་བྲིས?
གོང་ཚད་འདྲི་དཔྱད། ༠༧/༠༥/༢༠༢༤ ༠༨ བཟོ་སྐྲུན་ལས་སྡེ།་ཐིམ་ཕུག། བཟོ་སྐྲུན་གོང་ཚད་འདྲི་དཔྱད། ཐིམ་ཕུག་ཁྲོམ་ཁར་ སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་དོན་ལཱི་ གོང་ཚད་སྔོན་རྩིས་བཏོན་ནི་གི་ལཱ་འདི་ ཁྱོད་ལཱི་སྤྲོད་དོ་ཡོདཔ་ལས་ ཟུར་སྦྲགས་ ས་ཁྲ་དང་འཁྲིལ་བའི་ བཟོ་སྐྲུན་ལཱི་ཟད་གྲོན་ངོ་མའི་གནས་རྩིས་བཏོན་ཏེ་ ཟླ་ངོ་ ༡ གི་ནང་འཁོད་ གཤམ་གསལ་མིང་བཀོད་པོ་ལཱི་ བསྐྱལ་གནང་ཟེར་ཞུ་ནི། སྔོན་རྩིས་བཏོན་ནི་ལཱི་གླ་ཡོན་གང་གནས་ཀྱི་རྩིས་ཐོ་འདི་ སྔོན་རྩིས་མ་བཏོན་པའི་ཧེ་མ་ ང་ལཱི་བསྐྱལ་གནང་དགོཔ་ཨིན། ངེའི་ལཱ་འདི་ཁག་ཆེ་ཏོག་ཏོ་ཅིག་ཨིནམ་ལས་ སེམས་ཁར་བཀལ་ཏེ་དུས་ཐོག་ལཱི་ འབད་བྱིན་འོང་མནོ་བའི་རུ་བ་བཅས་དགོངས་མངའ་ཞུ།། བཟོ་སྐྲུན་ལས་སྡེ། འགྲུལ་འཕྲིན་ཨང་། ༡༧༤༩༣༩༣༧༣༧་པར་འཕྲིན་ཨང་། ༠༢-༦༧༢༦༡༩༢ཡོངས་འབྲེལ་ཨང་། pp@druknet.bt
གོང་ཚད་འདྲི་དཔྱད་གི་ཡི་གུ་ཅུག་བྲིས?
འདྲི་དཔྱད་ཞུ་ལན། ༠༧/༠༥/༢༠༢༤ ༠༨ བཟོ་སྐྲུན་ལས་སྡེ།་ཐིམ་ཕུག། བཟོ་སྐྲུན་གོང་ཚད་འདྲི་དཔྱད། གནང་མི་གི་ཡིག་དོན་ནང་གསལ་ལྟར་ ་་་་་་་་་་་་་་་་་ལས་སྡེའི་ཡན་ལག་ ཅིག་ ཐིམ་ཕུག་ཁྲོམ་ཁར་ སྒྲིང་ཁྱིམ་ཐོག་བཞི་མ་ཅིག་རྐྱབ་ནི་གི་དོན་ལཱི་ གོང་ཚད་སྔོན་རྩིས་བཏོན་ནི་གི་ལཱ་ང་ལཱི་གནང་མི་འདི་ལཱི་ བཀའ་དྲིན་དགའ་ཚོར་ཡོད། ལཱ་འདི་ང་ར་གི་ཁ་ཐུག་ལས་ས་ཁྲ་དང་འཁྲིལ་ཏེ་ བཟོ་སྐྲུན་འབད་ནི་ལཱི་ ཟད་གྲོན་ངོ་མ་གང་གནས་ ཟླ་ངོ་ ༡ གི་ནང་འཁོད་ བཏོན་ཏེ་ཕུལ་ནི་ལཱི་ཁས་ལུན་ཡོད། སྔོན་རྩིས་བཏོན་ནི་གི་གླ་ཡོན་འདི་ ཉུང་ཤོས་ར་ བཟོ་སྐྲུན་ངོ་མའི་མ་དངུལ་གང་གནས་ཀྱི་བརྒྱ་ཆ་ ༥ གི་རྩིས་ཕོག་ནི་ཨིནམ་ལས་ གླ་ཡོན་འདི་ལཱི་་་་་་་་་་་་་་་་་་་ལས་སྡེའི་ཁ་ཐུག་ལས་ ངོས་ལུན་མཛད་གནང་འོང་མནོ་བའི་རུ་བ་ཡོདཔ་ལས་ དེ་ལཱིགས་ཀྱི་ལན་གསལ་གཤམ་མིང་ཅན་མ་ལཱི་གནང་ཐུབ་ཞུ། བཟོ་སྐྲུན་ལས་སྡེ། འགྲུལ་འཕྲིན་ཨང་། ༡༧༤༩༣༩༣༧༣༧་པར་འཕྲིན་ཨང་། ༠༢-༦༧༢༦༡༩༢ཡོངས་འབྲེལ་ཨང་། pp@druknet.bt
གོང་ཚད་འདྲི་དཔྱད་གི་ཡི་གུ་ཅུག་བྲིས?
ཚོང་ཆས་ཚང་འགྲིག་མ་འབྱོར་བའི་ཉོག་བཤད། ༠༧/༠༥/༢༠༢༤ ༠༨ འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ།་ཕུན་ཚོགས་གླིང་། ཚོང་ཆས་དོ་ཤོག་དང་འཁྲིལ་ཏེ་མ་འབྱོར་བའི་སྐོར། ཁྱོད་ལཱི་མངག་ཆ་འབད་མི་གི་ཚོང་ཆས་ཚུ་ དུས་ཐོག་ལཱི་གནང་བཏང་མི་ལཱི་ བཀའ་དྲིན་དགའ་ཚོར་ཡོད། ཨིན་རཱིང་ ཁྱོད་ཀྱི་དོ་ཤོག་ནང་ལཱི་བཀོད་མི་གི་ཚོང་ཆས་ཐོ་ཡིག་དང་འཁྲིལཝ་ད་ ཆུམ་དོ་ ༢ དང་ གུ་རམ་དོ་ ༡ མ་ཚངམ་ལས་ ཁྱོད་ལཱི་ཕུལ་དགོ་མི་ཏི་རཱི་འདི་ཡང་ ད་ལྟོ་དངུལ་ཁང་ནང་བཙུགས་མ་ཚུགས། ཆུམ་དང་གུ་རམ་ཆད་མི་དེ་ ཁྱོད་ར་གིས་བཏང་མི་དེད་གཡོགཔ་གིས་ཡང་ ཤེས་སར་ཨིནམ་ལས་ དོ་ ༣ པོ་འདི་ ག་དེ་འབད་རཱིང་ ནངས་པ་ལྷོདཔ་ཅིག་སྦེ་བཏང་གནང་ཟེར་ཞུ་ནི་དང་ དེ་ལྷོད་ཞིནམ་ལས་ ཁྱོད་ལཱི་ཐོབ་མི་ཏི་རཱི་འདི་ཡང་ ཚང་འགྲིག་དངུལ་ཁང་ནང་ བཙུགས་ཆོག་ཆོ་ཡོད་ཟེར་ཞུ་ནི། ་་ཚོང་ཁང་།་ཨང་་་་་་་་་་་་་་་་་་་་ནོར་འཛིན་ལམ།
ཚོང་ཆས་ཚང་འགྲིག་མ་འབྱོར་བའི་ཉོག་བཤད་གི་ཡི་གུ་ཅུག་བྲིས?
ཚོང་ཆས་རིན་དངུལ་ཚང་འགྲིག་སྤྲོད་དགོ་པའི་དྲན་སྐུལ། ༠༧/༠༥/༢༠༢༤ ༠༨ འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ།་ཕུན་ཚོགས་གླིང་། ཚོང་རིན་དྲན་སྐུལ། ཁྱོད་ལཱི་མངག་ཆ་འབད་མི་གི་ཚོང་ཆས་ཚུ་ དུས་ཐོག་ལཱི་གནང་བཏང་མི་ལཱི་ བཀའ་དྲིན་དགའ་ཚོར་ཡོད། ཨིན་རཱིང་ ཁྱོད་ཀྱི་དོ་ཤོག་ནང་ལཱི་བཀོད་མི་གི་ཚོང་ཆས་ཐོ་ཡིག་དང་འཁྲིལཝ་ད་ ཆུམ་དོ་ ༢ དང་ གུ་རམ་དོ་ ༡ མ་ཚངམ་ལས་ ཁྱོད་ལཱི་ཕུལ་དགོ་མི་ཏི་རཱི་འདི་ཡང་ ད་ལྟོ་དངུལ་ཁང་ནང་བཙུགས་མ་ཚུགས། ཆུམ་དང་གུ་རམ་ཆད་མི་དེ་ ཁྱོད་ར་གིས་བཏང་མི་དེད་གཡོགཔ་གིས་ཡང་ ཤེས་སར་ཨིནམ་ལས་ དོ་ ༣ པོ་འདི་ ག་དེ་འབད་རཱིང་ ནངས་པ་ལྷོདཔ་ཅིག་སྦེ་བཏང་གནང་ཟེར་ཞུ་ནི་དང་ དེ་ལྷོད་ཞིནམ་ལས་ ཁྱོད་ལཱི་ཐོབ་མི་ཏི་རཱི་འདི་ཡང་ ཚང་འགྲིག་དངུལ་ཁང་ནང་ བཙུགས་ཆོག་ཆོ་ཡོད་ཟེར་ཞུ་ནི། འཛིན་སྐྱོང་པ། ཀརྨ་ཚོང་འབྲེལ་ལས་སྡེ། ཕུན་ཚོགས་གླིང་།
ཚོང་ཆས་རིན་དངུལ་ཚང་འགྲིག་སྤྲོད་དགོ་པའི་དྲན་སྐུལ་གི་ཡི་གུ་ཅུག་བྲིས?
ད་རྩའི་བཤེར་ཡིག། ༊ བདེན་རྫུན་དྲང་པོའི་ཐིག་གི་ཤན་འབྱེད་རྫོང་ཁག་ཁྲིམས་ཀྱི་འདུན་སའི་ཁྲིམས་ཁྲིའི་དྲུང་དུ། ༠༨ ཞུ་གསོལ། གུས་པ་་་་རྫོང་ཁག་་་་་་་་་་་་་་་་་རྒེད༌འོག༌ གཡུས་་་་་་་་་་་་་་་་་་་་ལས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་་་་་་་་་་་་་་་་་་་་་ ཅན་མ་ནས་ཞུ་གསོལ གུས་པའི་ཕ་མ་གཉིས་ལཱི་ ང་བཅས་སྤུན་ཆ་ ༣ ཡོད་དེ་འབད་རཱིང་ ཕམ་གཉིས་ཆ་ར་མི་རྟག་ལྔ་ལམ་དུ་ཐལ་ཚར་བའི་ཤུལ་ལཱི་ ཕོ་རྒནམ་་་་་་་་་་་་་་་་་་་་་དང་ ཨ་ཞེམོ་་་་་་་་་་་་་་་་་་་་་་་་་་གཉིས་ཀྱིས་ ཕ་མའི་རྒྱུ་ཆ་དང་སམ་ས་ཞིང་ལཱི་དབང་ཚད་ཧྲིལ་བུམ་བཟུང་སྟེ་ ང་ལཱི་ ཕ་མའི་ཤུལ་གྱི་སྐལ་བར་ག་ནི་ཡང་རུ་མ་སྟེར་བར་ ཁེ་རྒུད་མ་བཏུབ་པར་བརྟེན་ ཁྲིམས་སར་ཞུ་གཏུགས་མ་འབད་ཐབས་མེད་བྱུང་ཡོད་ཞུ་ན་ ཁྲིམས་ཀྱི་འདུན་ས་ལས་ རང་གི་ཕ་མའི་ཤུལ་གྱི་སྐལ་བ་བགོ་བཤའ་ཚུ་ བུ་གཞི་ག་ར་ལཱི་འདྲན་འདྲ་འཐོབ་ནི་ཡོད་པའི་ དྲང་ཁྲིམས་བཀའ་ཁྱབ་ཀྱི་སྐྱིད་སྡུག་གནང་སྟེ་བཀའ་དྲིན་བསྐྱངས་གནང་ཞུ་བ་ མཁྱྱཻན་མཁྱེན་ལགས། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ གུས་བཅས་ ཕུལ།
ང་ལུ་རྩོད་རྩའི་བཤེར་ཡིག་བྲིས་གནང་?
རྩོད་ཟླའ་བཤེར་ཡིག། ༊ བདེན་རྫུན་སོམ་ཉིའི་དྲྭ་བ་གཅོད་པའི་རྫོང་ཁག་ཁྲིམས་ཀྱི་འདུན་སའི་ཁྲིམས་ཁྲིའི་དྲུང་དུ། ༠༨ ཞུ་གསོལ། གུས་པ་་་་་་་་་་་་་་རྫོང་ཁག་ ་་་་་་་་་རྒེད༌འོག༌ གཡུས་་་་་་་་་་་་་་་་་་་་ལས་ངོ་མིང་་་་་་་་་་་་་་་་་་་་་་་་་་་་ མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་ ཅན་མ་དང་ ངོ་མིང་་་་་་་་་་་་་་་་་་་་་་་མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་་་་་་་ཅན་མ་གཉིས་ནས་ཞུ་གསོལ དེ་ནི་ གནམ་ལཱུ་་་་་་་་་་་་ཟླ་་་་་་་་་་་ཚེས་་་་་་་་་་་ཉིན་ ཁྲིམས་ཀྱི་འདུན་ས་ལས་ ང་བཅས་་གཉིས་ལཱི་ རྩོད་རྩ་་་་་་་་་་་་་་་་་་་་་་་་་་གིས་ཁྲིམས་ཀྱི་འདུན་སར་ཞུ་ཚིག་ཕུལ་ཏེ་ཡོད་མི་གི་ རྩོད་ལན་ཕུལ་དགོཔ་སྦེ་བཀའ་གནང་མི་དང་འཁྲིལ་ཏེ་ ང་བཅས་སྤུན་ཆ་ཚུ་གི་ཕ་མའི་ཤུལ་གྱི་ཐོབ་ལམ་སྐོར་ལས་ ཁ་གསལ་རྐྱབ་སྟེ་ཞུ་ནི་ཨིན། དལ་གཞིར་ ཕ་མའི་ཤུལ་ཚུ་ བུ་གཞི་ག་ར་ལཱི་ཐོབ་ལམ་ཡོད་དེ་འབད་རཱིང་ ང་བཅས་ཀྱི་ནུ་གཅུང་་་་་་་་་་་་་་་་་་ཐད་ ཁོ་ར་རང་མགོ་འདྲོངས་མ་འདྲོངས་ཅིག་ལས་་་་་་་་་་་་་་་་་་་་་་་གྱི་ཁྱིམ་ནང་རྨགཔ་སྦེ་འཛུལ་ཏེ་ ཕ་གཞི་ཁར་དྲོ་ལྟོ་གཅིག་གི་ཕན་ཐོགས་པའི་ཤུལ་ཡང་མེདཔ་མ་ཚད་ ཧེ་མ་ཕམ་གཉིས་ཡོད་པའི་སྐབས་ལཱི་ཡང་ ཕ་མ་ལཱི་ཕྱག་ཕྱིད་ཞབས་ཏོག་ག་ནི་ཡང་ཞུ་ཞུཝ་མེདཔ་ལས་བརྟེན་ ད་རུས་ཕ་ཤུལ་ལས་ཐོབ་ལམ་ག་ནི་ཡང་སྤྲོད་མི་ཚུགས་ཟེར་ཞུ་ནི། དེ་མ་ཚད་ཕ་མའི་མི་རྟག་ལམ་འཇུག་ཚུ་ཡང་ག་ར་ ང་བཅས་སྤུན་ཆ་རྒན་ཤོས་གཉིས་ཀྱི་ཁ་ཐུག་ལས་འབད་ཡོདཔ་ལས་བརྟེན་ ཕ་མའི་ཤུལ་ཚུ་ ང་བཅས་གཉིས་ལཱི་ར་འཐོབ་ནི་ཡོད་པའི་དྲང་ཁྲིམས་གནང་སྟེ་ བཀའ་དྲིན་བསྐྱངས་གནང་ཞུ་བ ཞུ་བ་མཁྱྱཻན་མཁྱེན། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ་་གོང་མིང་པས་ གུས་བཅས་ཕུལ།
ང་ལུ་ རྩོད་ཟླའ་བཤེར་ཡིག་བྲིས་གནང་?
ནང་འགྲིག་ཞུ་ཚིག ༊ ལཱིགས་གཉིས་ཁྲིམས་ཀྱི་བདག་ཉིད་རྫོང་ཁག་ཁྲིམས་འདུན་གྱི་ཁྲིམས་ཁྲིའི་དྲུང་དུ། ༠༨ གུས་པ་་་་་་་་་་་་་་རྫོང་ཁག་ ་་་་་་་་་་་་་་་་་རྒེད༌འོག༌ གཡུས་་་་་་་་་་་་་་་་་་་་ལས་་ངོ་མིང་་་་་་་་་་་་་་་་་་་་་་་་་་་་ མི་ཁུངས་ངོ་སྤྲོད་ཨང་་་་་་་་་་་་་་་་་་་་་ ཅན་མ་དང་ ་་་་་་་་་་་་་་་་་་་་་ཅན་མ་གསུམ་ཐུན་མོང་ནས་ཞུ་གསོལ དེ་ནི་ ང་བཅས་གསུམ་ ཕ་མའི་ཤུལ་གྱི་སྐོར་ལས་མ་འགྲིགས་པར་ ཁྲིམས་ཀྱི་འདུན་ས་ལཱི་ཞུ་གཏུགས་འབད་བའི་མཐའ་མར་ ཁྲིམས་ཀྱི་འདུན་ས་ལས་ ནང་འགྲིག་འབད་དགོ་པའི་བཀའ་རྒྱ་གནངམ་བཞིན་དུ་ ང་བཅས་རའི་རྒྱབ་མི་ཚུ་གི་ཁ་ཐུག་ལས་ཡང་ གྲོས་འཆར་གྱི་ལམ་སྟོན་འབད་མི་དང་འཁྲིལ་ཏེ་ ནང་འགྲིག་གྲུབ་པའི་ཞུ་ཚིག་ཕུལ་ནི་ཨིན། དེ་ཡང་ ཕ་ཁྱིམ་དང་གཅིག་ཁར་ ནང་གི་ཅ་ཆས་ཚུ་ཁྱིམ་ནང་སྡོད་མི་གཉིས་ལཱི་ཐོབ་པའི་ཁ་ལཱི་ ཕ་གཞིས་ ཨེ་ཀར་ ༦ ཡོད་མི་ལས་ སྐམ་ཞིང་ཨེ་ཀར་ ༡ ནུ་གཅུང་་་་་་་་་་་་་་་་་་་་་ལཱི་ཕ་མའི་ཤུལ་སྦེ་བྱིན་ནི་དང་ གཞན་ཆུ་ཞིང་དང་ སྐམ་ཞིང་ཚོད་ས་ག་ར་ཆ་སྟེ་ ཨེ་ཀར་ ༥ ཁྱིམ་ནང་སྡོད་མི་ལཱི་ཐོབ་སྦེ་བཟོ་མི་ལཱི་ མོས་མཐུན་བྱུང་སྟེ་ནང་འགྲིག་གྲུབ་ཡོདཔ་བཞིན་དུ་ ཁྲིམས་ཀྱི་འདུན་ས་ལས་ཡང་ དེ་ལཱིགས་ཀྱི་ཆ་འཇོག་གནང་སྟེ་ འཁྲུན་ཆོད་བཏོན་ཏེ་བཀའ་དྲིན་བསྐྱངས་གནང་ཞུ་བ་ མཁྱྱཻན་མཁྱེན། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ་་གོང་མིང་པས་ གུས་བཅས་ཕུལ།
ང་ལུ་ ནང་འགྲིག་ཞུ་ཚིག་བྲིས་གནང་?
ཕྱིར་བཏོན་ཞུ་ཚིག ༊ དྲང་པོའི་ཁྲིམས་ཀྱི་བདག་ཉིད་རྫོང་ཁག་ཁྲིམས་ཀྱི་འདུན་སའི་དྲང་དཔོན་མཆོག་གི་དྲུང་དུ། ༠༨ གུས་རྩོད་རྩ་་་་་་་་་་་་་་་་་་་་་་་་་་་་་མིང་ནས་ཞུ་གསོལ། སྤྱི་ཚེས་་་་་་་་་་་་་་་་་་་་་་་་་་་་་་་་་གྱི་ཉིན་མར་ ཕ་མའི་ཤུལ་གྱི་སྐལ་བ་བགོ་བཤའི་སྐོར་ལས་ སྤུན་ཆ་རྒས་ཤོས་གཉིས་དང་གཅིག་ཁར་ རྩོད་བཤེར་འབད་དགོ་པའི་བཤེར་ཡིག་ རྫོང་ཁག་ཁྲིམས་འདུན་ལཱི་ ཕུལ་ཡོདཔ་ཨིན་རཱིང་ ཕམ་ས་འོག་འགྱོཝ་ད་ གཏམ་ས་སྟེང་ལཱི་བཏོན་ནི་འདི་ ཕ་མའི་ཞབས་འདྲེན་ཨིནམ་ལས་བརྟེན་ སྤུན་ཆ་རྒན་ཤོས་གཉིས་དང་གཅིག་ཁར་ རྩོད་བཤེར་མི་འབད་ནི་གི་རུ་ཐག་བཅད་ཡོདཔ་ལས་ ཁྲིམས་ཀྱི་འདུན་ས་ལས་ཡང་ཆ་མེད་གནང་སྟེ་ ང་གིས་ཕུལ་མི་བཤེར་ཡིག་ལཱུག་སྟེ་གནང་ཐབས་ཡོད་པར་ཞུ་བ མཁྱྱཻན་མཁྱེན། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ་་གོང་མིང་པས་ གུས་བཅས་ཕུལ།
ང་ལུ་ ཕྱིར་བཏོན་ཞུ་ཚིག་བྲིས་གནང་?
མཐོ་གཏུགས་ཞུ་ཚིག ༊ བདེན་རྫུན་སོམ་ཉིའི་དྲྭ་བ་གཅོད་མཛད་རྫོང་ཁག་ཁྲིམས་འདུན་དྲང་དཔོན་མཆོག་གི་དྲུང་དུ། ༠༨ གུས་པ་ ་་་་་་་་་་་་་་་་་་་་་་་་་་་་་་་་་ནས་ཞུ་གསོལ། མདང་ཞག་ ས་གནས་ལཱིང་བསྟན་ཕུག་ གནམ་ཐང་གི་ཉེ་འདབས་ལཱི་ ས་ཚན་ཨང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཅན་མ་དང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཅན་མ་ གཉིས་ཀྱི་བར་ན་མ་འགྲིགསཔ་ཐོན་མི་ལཱི་ རྫོང་ཁག་ཁྲིམས་འདུན་ལས་གནང་བའི་འཁྲུན་ཆོད་ཀྱིས་ རྩོད་རྩ་རང་ལཱི་ དྲང་ཁྲིམས་མ་ཐོབ་པར་ཁེ་རྒུད་མ་བཏུབ་པའི་སྐྱིད་སྡུག་སྦོམ་ཕོག་སྟེ་ཡོད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་མཐོ་གཏུགས་འབད་ཆོག་པའི་བཀའ་རྒྱ་ཅིག་ འཕྲལ་མགྱོགས་སུ་གནང་ཐབས་ཞུ་བ མཁྱྱཻན་མཁྱེན། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ་་གོང་མིང་པས་ གུས་བཅས་ཕུལ།
ང་ལུ་ མཐོ་གཏུགས་ཞུ་ཚིག་བྲིས་གནང་?
གཉེན་ཐམ་ཞུ་ཚིག ༊ བདེན་རྫུན་སོམ་ཉིའི་དྲྭ་བ་གཅོད་མཛད་རྫོང་ཁག་ཁྲིམས་འདུན་དྲང་དཔོན་མཆོག་གི་དྲུང་དུ། ༠༨ སྒོ་གསུམ་གུས་ གཉེན་ཐམ་ཞུ་མི་ཕོ་མོ་གཉིས་ནས་ཕྱག་བཅས་ཞུ་གསོལ། དེ་ནི་ རང་སོའི་གནམ་བསྐོས་ལས་དབང་བཙན་པས་གཉེན་དུ་བསྡོམས་ཡོདཔ་ལས་ ཁྲིམས་ཀྱི་འདུན་ས་ལས་ གཉེན་སྦྱོར་ཆ་འཇོག་གི་གཉེན་ཐམ་གནང་ཐབས་ཀྱི་བཤེར་ཡིག་ཕུལ་དོན། མདང་ཞག་ ས་གནས་ལཱིང་བསྟན་ཕུག་ གནམ་ཐང་གི་ཉེ་འདབས་ལཱི་ ས་ཚན་ཨང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཅན་མ་དང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཅན་མ་ གཉིས་ཀྱི་བར་ན་མ་འགྲིགསཔ་ཐོན་མི་ལཱི་ རྫོང་ཁག་ཁྲིམས་འདུན་ལས་གནང་བའི་འཁྲུན་ཆོད་ཀྱིས་ རྩོད་རྩ་རང་ལཱི་ དྲང་ཁྲིམས་མ་ཐོབ་པར་ཁེ་རྒུད་མ་བཏུབ་པའི་སྐྱིད་སྡུག་སྦོམ་ཕོག་སྟེ་ཡོད་མི་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་མཐོ་གཏུགས་འབད་ཆོག་པའི་བཀའ་རྒྱ་ཅིག་ འཕྲལ་མགྱོགས་སུ་གནང་ཐབས་ཞུ་བ མཁྱྱཻན་མཁྱེན། ཞེས་གནམ་ལོ་ལྕགས་ཕོ་སྟག་ལོ་ཟླ་ ༠༩ པའི་ཚེས་ ༢༢ ལུ་་གོང་མིང་པས་ གུས་བཅས་ཕུལ།
ང་ལུ་ གཉེན་ཐམ་ཞུ་ཚིག་བྲིས་གནང་?