བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ།།
stringlengths
2
1.7k
lama dang lhakpé lha la chaktsal lo
stringlengths
1
1.83k
འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།།
jikten drenpé tsowo tsepakmé
དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ།།
dü min chiwa malü jompé pal
མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས།།
gönmé dukngal gyurpa nam kyi kyab
སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།
sangye tsepakmé la chak tsal lo
ཨོཾ་ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།
om amarani dziwenti ye soha
བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར།།
dechen zhing du chö kyi khorlo kor
སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས།།
semchen nam la taktu tukjé zik
དམ་བཅའ་ཇི་བཞིན་འགྲོ་བའི་དོན་མཛད་པ།།
damcha jizhin drowé tön dzepa
སྣང་མཐའ་མཉམ་བཞག་མཛད་ལ་ཕྱག་འཚལ་ལོ།
nang ta nyamzhak dze la chak tsal lo
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ
om amidhewa hrih
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།།
chomdendé deshin shekpa drachompa yangdakpar dzokpé sangye rinchen tsuktor chen la chak tsal lo
མཆོད་དོ་སྐྱབས་སུ་མཆིའོ།
chö do kyab su chi o
བྱིན་གྱིས་བརླབ་ཏུ་གསོལ།།
jingyi lab tu sol
ཏདྱ་ཐཱ།རཏྣེ་རཏྣེ་རཏྣ་ཤི་ཁེ་ནེ་སྭཱ་ཧཱ།
teyata ratné ratné ratna shikhene soha
ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།
tukjé kün la nyompé chomdendé
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།
tsen tsam töpé ngendro dukngal sel
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
duk sum nesel sangye men gyi la
བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ།
bendurya yi ö la chak tsal lo
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
chomdendé dezhin shekpa drachompa yangdakpar dzokpé sangye men gyi la bendurya ö kyi gyalpo la chaktsal lo
མཆོད་དོ་སྐྱབས་སུ་མཆིའོ།
chö do kyap su chi o
ཏ་དྱ་ཐཱ༔ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ༔རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ༔
teyata | om bhekandze bhekandze maha bekhandze bhekandze | radza samudgaté soha
བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས།།
cham chen mé yi zhe dang bü zhing sek
ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ།།
yeshe ö kyi marik münpa sel
ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི།།
chö kyi gyaltsap drowé gön gyurpé
དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ།
ganden zhukpa de la chak tsal lo
ཨོཾ་མ་ཏི་མ་ཏི་སྨྲྀ་ཏི་སྭཱ་ཧཱ།
om mati mati smriti soha
ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།།
chak tong korlö gyurpé gyalpo tong
སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌།།
chen tong kalpa zangpöi sangye tong
གང་ལ་གང་འདུལ་དེ་ལ་དེར་སྟོན་པའི།།
gang la gang dul dela der tönpé
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།
tsünpa chenrezik la chak tsal lo
ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱིཿ
om mani pemé hung hrih
ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ།།
shejé kha ying zap ching yangpa la
བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས།།
lodrö kyilkhor gyepé özer gyi
སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ།།
kye güi marik münpé tsok salwa
རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།
jetsün jampalyang la chak tsal lo
ཨོཾ་ཨ་ར་པ་ཙ་ན་དྷཱིཿ
om arapatsana dhih
༈གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས།།
gang tuk nyi su mepé yeshe kyi
རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས།།
dorjé rinchen kun nas barwé tü
བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་མཛད་པ།།
dü zhi top nam nampar jom dzepa
རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།
dorjé nampar jom la chak tsal tö
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།།
deshin shekpa tamché kyi
མཐུ་སྟོབས་གཅིག་ཏུ་འདུས་པའི་བདག།
tu top chiktu düpé dak
རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ།།
dorjé trowöi kur tönpa
རྣམ་པར་འཇོམས་ལ་ཕྱག་འཚལ་ལོ།
nampar jom la chak tsal lo
ན་མཤྕཎྜ་བཛྲ་ཀྲོ་དྷ་ཡ།ཧུ་ལུ་ཧུ་ལུ།ཏིཥྛ་ཏིཥྛ།བྷནྡྷ་བྷནྡྷ།ཧ་ན་ཧ་ན།ཨ་མྲྀ་ཏེ་ཧཱུྃ་ཕཊ།
namash chanda benza krodhaya | hulu hulu | tishtha tishtha | bhendha bhendha | hana hana | amrité hung pé
དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག།
palden lhamo tönké dawé dok
ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ།།
zhal sum chak gye rab dzé zhiwé ku
ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ།།
yeshe pakyé tsé yi chok tsolma
རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ།
nampar gyalmé zhap la chak tsal lo
ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ།
om amrita ayurdadé soha
བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ།།
dak gi tserap ngön né druppé lha
དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ།།
dü sum sangye kün gyi trinléma
རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ།།
rap kar zhal chik chak nyi chen dün ma
ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ།
yum gyur utpala nam la chak tsal lo
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
om taré tuttaré turé soha
སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌།།
trulpé guru tsen gyé dang
གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད།།
druppé rigzin chenpo gyé
བྱང་སེམས་ཉེ་བའི་སྲས་བརྒྱད་དང༌།།
changsem nyewé sé gye dang
སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ།།
drupchen kagyé lha tsok la
གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
solwa depso chin gyi lop
ཕྱི་ནང་གསང་བའི་བར་ཆད་སོལ།།
chi nang sangwé barché sol
བསམ་པ་ཡིད་བཞིན་འགྲུབ་པ་དང༌།།
sampa yizhin druppa dang
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།
chok dang tünmong ngödrup tsol
ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ།
om ah hung benza guru pema siddhi hung
ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས།།
chok chüi gyalwa kün gyi ku sung tuk
བྱ་ཁྱུང་རྒྱལ་པོ་རྟ་མགྲིན་གསང་བའི་བདག།
cha khyung gyalpo tamdrin sangwé dak
རང་བཞིན་གཅིག་ཏུ་ཉེར་བསྟན་ཁྲོ་བོའི་གཙོ།།
rangzhin chiktu nyer ten trowöi tso
དྲན་པས་བགེགས་དཔུང་འཇོམས་ལ་ཕྱག་འཚལ་བསྟོད།
drenpé gek pung jom la chak tsal tö
ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱྀ་བ་ག་རུ་ཌ་ཧཱུྂ་ཕཊ།
om vajrapani hayagriva garuda hung pé
དགེ་བ་འདི་ཡིས་མྱུར་དུ་བདག།
gewa di yi nyurdu dak
སྲས་བཅས་རྒྱལ་བ་འགྲུབ་གྱུར་ནས།།
seché gyalwa drup gyur né
འགྲོ་བ་གཅིག་ཀྱང་མ་ལུས་པ།།
drowa chik kyang malüpa
དེ་ཡི་ས་ལ་འགོད་པར་ཤོག
de yi sa la göpar shok
༈བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
changchup sem chok rinpoche
མ་སྐྱེས་པ་རྣམས་སྐྱེས་པ་དང༌།།
makyepa nam kyepa dang
སྐྱེས་པ་ཉམས་པ་མེད་པ་ཡང༌།།
kyepa nyampa mepa yang
གོང་ནས་གོང་དུ་འཕེལ་བར་ཤོག།
gong né gong du pelwar shok
༈སྟོང་ཉིད་ལྟ་བ་རིན་པོ་ཆེ།།
tongnyi tawa rinpoche
མ་རྟོགས་པ་རྣམས་རྟོགས་པ་དང༌།།
matokpa nam tokpa dang
རྟོགས་པ་ཉམས་པ་མེད་པ་ཡང༌།།
tokpa nyampa mepa yang
གོང་ནས་གོང་དུ་འཕེལ་བར་ཤོག
gong né gong du pelwar shok
རྒྱལ་བ་འོད་དཔག་མེད་མགོན་ལ།།
gyalwa öpakmé gön la
གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
solwa deb so jingyi lob
ཚེ་འདི་འཕོས་མ་ཐག་པ་རུ།།
tsé di pö matak pa ru
བདེ་བ་ཅན་དུ་དྲང་དུ་གསོལ།།
dewachen du drang du sol
ཨེ་མ་ཧོ༔
emaho
ཆོས་སྐུ་སྣང་བ་མཐའ་ཡས་ངོ་མཚར་ཅན༔
chöku nangwa tayé ngotsar chen
སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་རྣམས་ལ༔
chenrezik wang tuchen tob nam la
བདག་གི་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔
dak gi tsechik yi kyi solwa deb
རྨི་ལམ་ཡུལ་གྱིས་བདེ་ཆེན་ཞིང་བགྲོད་ནས༔
milam yul gyi dechen zhing drö né
སྣང་བ་མཐའ་ཡས་མཇལ་བར་བྱིན་གྱིས་རློབས༔
nangwa tayé jalwar jingyi lob
འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི།།
dro nam dral dö sampa yi
སངས་རྒྱས་ཆོས་དང་དགེ་འདུན་ལ།།
sangye chö dang gendün la
བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།།
changchub nyingpor chi kyi bar
རྟག་པར་བདག་ནི་སྐྱབས་སུ་མཆི།།
takpar dak ni kyab su chi
བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ།།
lama chok dang könchok rinpoche
རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི།།
nampa sum la chaktsal kyab su chi
ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི།།
khyé kyi dak dang semchen tamché kyi
ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ།།
lü ngak yi sum jingyi lab tu sol
ཤེས་རབ་སྙིང་བརྩེ་དང་བཅས་པས།།
sherab nying tsé dang chepé